འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རིའི་སྐོར་ཞིབ་གནམ་གྲུ་ཐའེ་ཝན་མཚོ་འགག་ཏུ་བསྐྱོད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཚོ་དམག་དམག་དཔོན་ལི་ཞི་ཡིས་བཤད་དོན། ཟླ་4ཚེས་17ཉིན། ཨ་རིའིP-8Aའཇབ་རྒོལ་སྐོར་ཞིབ་གནམ་གྲུ་གཅིག་ཐའེ་ཝན་མཚོ་འགག་ཏུ་བསྐྱོད་པ་མ་ཟད་ཡོངས་གྲགས་སུ་འུད་སྒྲོག་བྱས་པ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་དམག་འཐབ་གནམ་གྲུ་སྒྲིག་འཛུགས་བྱས་ནས། ཨ་རིའི་གནམ་གྲུའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཡོད། འཐབ་ཁུལ་གྱི་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།