འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།རང་ལོ་27ལས་མ་ལོན་པའི་ཉེན་རྟོག་པ་ཁོང་གིས་རང་སྲོག་བློས་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་ཟླ་4ཚེས་17ཉིན། ཧྲན་ཞི་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་ བར་གཞིགས་ན། ཟླ་4ཚེས་15ཉིན། ཧྲན་ཞི་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ཏིང་ཤང་རྫོང་སྤྱི་བདེ་ཅུས་ཅིན་ཁྲང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་གི་རམ་འདེགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་ཁྲིམས་ལྟར་ཐོབ་ཐང་ཐད་དོགས་གཞི་ཡོད་པའི་སྐྱེས་པ་ཞིག་ལ་ཞིབ་བཤེར་བྱེད་རིམ་དུ། ཕ་རོལ་པོས་གྲི་འཁྱེར་ནས་གློ་བུར་དུ་འཇབ་རྒོལ་བྱས། མངགས་གཏོང་ཁང་དེའི་སུའོ་ཀྲང་གཞོན་པ་ཀུའོ་ཁྲེན་ཧྲེང་དང་མི་དམངས་ཉེན་རྟོག་པ་ཝུའུ་ལིན་གཉིས་པོའི་ལུས་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཀྱང་འཐབ་གྲོགས་དང་མཉམ་དུ་སྐྱེས་པ་དེ་དང་འཐབ་པ་དང་། ས་གནས་དེ་རང་དུ་ཁོ་པ་ཚོད་འཛིན་བྱས། ཝུའུ་ལིན་མྱུར་སྐྱོབ་ཅི་ཐུབ་བྱས་ཀྱང་། ཕན་གོ་མ་ཆོད་ཅིང་སྟབས་མ་ལེགས་པར་དཔའ་ཉམས་ལྡན་པའི་ངང་ནས་རང་སྲོག་བློས་བཏང་། དེ་སྐབས་ཁོང་རང་ལོ་27ཙམ་རེད། ཀུའོ་ཁྲེན་ཧྲེང་ལ་སྐྱོབ་བཅོས་བྱས་པ་བརྒྱུད། རྨས་སྐྱོན་ཇེ་སྡུག་ཏུ་མ་ཕྱིན་པ་རེད།