འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ཙུང་ཐུང་འདིས་གཞུང་ཚབ་ཁང་གི་སྒོ་རྒྱག་རྒྱུ་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་16ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་དྲ་ཐོག་གི་འགོ་གཙོའི་དབུ་ཚོགས་ཐོག ཨེ་ཁྭ་ཏོར་དུ་བཅའ་སྡོད་རྒྱལ་ཁབ་དེའི་གཞུང་ཚབ་ཆེན་མོ་ཁང་དང་གཞུང་ཚབ་དོན་གཅོད་ཁང་སྒོ་བརྒྱབ་ནས། ཨེ་ཁྭ་ཏོར་གྱི“རྒྱལ་སྤྱིའི་སྤྱི་ཆིངས་ལས་འགལ་བའི་བྱ་སྤྱོད”ལ་རྒོལ་གཏམ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
     ཟླ་4ཚེས་5ཉིན། ཨེ་ཁྭ་ཏོར་གྱི་དྲག་ཆས་སྟོབས་ཤུགས་ཨེ་ཁྭ་ཏོར་དུ་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེན་མོ་ཁང་དུ་འཛུལ་ནས། ཨེ་ཁྭ་ཏོར་གྱི་དེ་སྔའི་ཙུང་ཐུང་གཞོན་པ་ཀེ་ལཱ་སི་འཛིན་བཟུང་བྱས་པར་རྩོད་གླེང་ཆེན་པོ་བྱུང་བ་རེད། ཚེས་16ཉིན་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིས་དྲ་ཐོག་གི་འགོ་གཙོའི་དབུ་ཚོགས་འཚོགས་ནས། ཟླ་4ཚེས་5ཉིན། ཨེ་ཁྭ་ཏོར་དུ་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེན་མོ་ཁང་དུ་འཛུལ་ནས། ཨེ་ཁྭ་ཏོར་གྱི་དེ་སྔའི་ཙུང་ཐུང་གཞོན་པ་ཀེ་ལཱ་སི་འཛིན་བཟུང་བྱས་པ་ལས་བྱུང་བའི་ཕྱི་འབྲེལ་གྱི་ཟིང་ཆ་ལ་དམིགས་སའི་རང་བཞིན་གྱི་གྲོས་མོལ་བྱས་པ་རེད།