འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ལྗར་པན་གྱི་ཡིག་ཆ་འདིར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ལྗར་པན་གྱིས་2024ལོའི་《ཕྱི་འབྲེལ་གྱི་རྒྱབ་ཤོག་སྔོན་པོ་》ཁྱབ་བསྒྲགས་བྱས་པའི་ཐད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་16ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས་བཤད་དོན། ལྗར་པན་ཕྱོགས་ཀྱི་འབྲེལ་ཡོད་ཡིག་ཆའི་ནང་ཀྲུང་གོར་སྐྱོན་འཛུགས་བྱེད་པའི་ཚིག་རྙོག་ལོག་བཤད་རྒྱུན་འཛིན་བྱས་ནས། “ཀྲུང་གོའི་འཇིགས་སྐུལ་”ཟེར་བ་འུད་སྒྲོག་བྱས་ནས་ཀྲུང་གོའི་ནང་སྲིད་ལ་གནས་ལུགས་མེད་པར་ཐེ་ཇུས་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 
     ལིན་ཅན་གྱིས། ན་ནིང་ཟླ་11པར་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱེད་སྐབས་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་སླར་ཡང་གཏན་འཁེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་རྒྱུར་འགག་རྩའི་ཆབ་སྲིད་ཀྱི་སྣེ་ཁྲིད་མཁོ་འདོན་བྱས་ཡོད། ལྗར་པན་ཕྱོགས་ཀྱི་འབྲེལ་ཡོད་ཡིག་ཆའི་ནང་ཀྲུང་གོར་སྐྱོན་འཛུགས་བྱེད་པའི་ཚིག་རྙོག་རྒྱུན་འཛིན་བྱས་ཏེ། “ཀྲུང་གོའི་འཇིགས་སྐུལ་”ཟེར་བ་འུད་སྒྲོག་བྱས་ནས་ཀྲུང་གོའི་ནང་སྲིད་ལ་གནས་ལུགས་མེད་པར་ཐེ་ཇུས་བྱེད་ཀྱི་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་དང་། 
      “ང་ཚོས་ལྗར་པན་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ། དཔུང་ཁག་ལ་འགྲན་རྒོལ་བྱེད་པར་སྐུལ་མ་དང་སྐུལ་སློང་བྱེད་མཚམས་བཞག་ནས། ‘འཐབ་ཇུས་གཉིས་ཕན་འབྲེལ་བའི’གཏན་འཁེལ་དེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་བརྩི་སྲུང་དུ་བརྩིས་ནས། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་འཛུགས་པའི་དམིགས་ཚད་དེའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་”ཞེས་བཤད།