འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།བར་སྣང་ས་ཚིགས་ཀྱི་གད་སྙིགས་ཟགས་ནས་ཨ་རིའི་དམངས་ཤག་ཤིག་ལ་བརྒྱབ་ཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ད་ལོའི་ཟླ་3པར། གནམ་ནས་ལྷུང་བའི“ལྐོག་གྱུར་གྱི་དངོས་པོ”ཞིག་ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་ཡུལ་མིའི་སྡོད་ཁང་ཐོག་ལྷུང་སྟེ་ཁང་ཀླད་ཕུག་ཡོད།   ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་15ཉིན་དབྱེ་ཞིབ་བྱས་པ་བརྒྱུད། “གནམ་ནས་ལྷུངས་བའི་དངོས་པོ”དེ་ནི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱིས་ལོ་གསུམ་གོང་འཕངས་པའི་བར་སྣང་གད་སྙིགས་ཁག་གཅིག་རེད་ཅེས་བཤད་པ་རེད། ཅིའི་ཕྱིར་དེ་སྔོན་དཔག་ལྟར་རླུང་ཁམས་ཆེན་པོའི་བང་རིམ་དུ་འཛུལ་བའི་གོ་རིམ་ཁྲོད་དུ་ཡོངས་སུ་མེར་བསྲེགས་མེད་པའི་ཐད། ད་རུང་ཞིབ་བཤེར་བྱེད་དགོས།