འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།ཚ་བ་འཕྱུར་བའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧའེ་ནན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཚེས་14དང་ཚེས་15ཉིན་བསྟུད་མར་དྲོད་ཚད་མཐོ་བའི་ཉེན་བརྡ་རིམ་པ་བཞི་པ་ཁྱབ་བསྒྲགས་བྱས་པ་དང་། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལ་གཞིགས་ན། ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3བར་ཁྲེང་མའེ་དང་། ཁྲང་ཅང་། པའེ་ཧྲ་སོགས་ས་ཁུལ་གྱི་དྲོད་ཚད་37℃ལས་བརྒལ་བ་དང་། དེའི་ནང་དྲོད་ཚད་མཐོ་ཤོས་པའེ་ཧྲ་རྫོང་ཡིན་པ་དང་38.1℃ཟིན་ཡོད། གནམ་གཤིས་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། ཚེས་16ཉིན་གྱི་ཉིན་མོར། ཧའེ་ནན་ནུབ་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་36℃ནས་39℃བར་འཕར་རྒྱུ་ཡིན། ཧའེ་ནན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་བསྡུར་བ་བྱས་པའི་གཞི་གྲངས་དབྱེ་ཞིབ་ལ་གཞིགས་ན། ད་ལོའི་དྲོད་ཚད་མཐོ་བའི་གནམ་གཤིས་ལོ་སྔོན་མ་ལས་ཟླ་བ་ཕྱེད་ཀ་ཙམ་གྱིས་སྔ་ཡོད་པ་རེད།