འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།ཞི་ཧྲོང་པན་ནའི་ཆུ་རྩེད་དུས་ཆེན་གྱི་ཉམས་འགྱུར།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཞི་ཧྲོང་པན་ནའི་ཆུ་རྩེད་དུས་ཆེན་གྱི་ཉམས་འགྱུར།
     ཟླ་4ཚེས་14ཉིན། ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་གྱིས་ཏའེ་ལོ་1385ལོའི་ལོ་གསར་དུས་ཆེན་གྱི་མི་རིགས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཡུལ་སྐོར་འཁྲབ་སྟོན་ཆེན་པོ་བྱས་པ་རེད། འཁྲབ་སྟོན་ཁག་7དང་། འཁྲབ་སྟོན་དཔུང་ཁག་48 མེ་ཏོག་རླངས་འཁོར་20ཙམ་དང་འཁྲབ་སྟོན་པ་3500ཡིས་ཅིང་ཧུང་གྲོང་ཁྱེར་གྱི་ཁྲོམ་གཞུང་གཙོ་བོ་དང་ཆུ་རྩེད་ཐང་ཆེན་དུ་ཡུལ་སྐོར་བྱས་པ་རེད། 
     ད་ལོའི་ཡུལ་སྐོར་འཁྲབ་སྟོན་ཐོག་ཞི་ཧྲོང་པན་ན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རིག་གནས་སྣ་མང་རང་བཞིན་མངོན་པ་དང་། སྲོག་ཆགས་དང་རྩི་ཤིང་སྣ་མང་གྱོན་པའི་འཁྲབ་སྟོན་པ་རྣམས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོགས་པོའི་འགྲམ་དུ་ཡོང་ནས། ཚང་མ་དང་ཐག་ཉེ་བའི་སྒོ་ནས་ཕན་ཚུན་འབྲེལ་འདྲིས་བྱས་པས་སྣ་མང་ཕུན་སུམ་ཚོགས་ཤིང་། “སྙིང་རྗེ་”ལྡན་པའི་མི་རིགས་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།  
【1】  【2】  【3】
༄༅།།ཞི་ཧྲོང་པན་ནའི་ཆུ་རྩེད་དུས་ཆེན་གྱི་ཉམས་འགྱུར།