འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།མི་ཁྲི་ཕྲག་ཁ་ཤས་ཆུ་རྩེད་དུས་ཆེན་ལ་རོལ་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མི་ཁྲི་ཕྲག་ཁ་ཤས་ཆུ་རྩེད་དུས་ཆེན་ལ་རོལ་བ།
     ཟླ་4ཚེས་13ཉིན། ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་མོང་ལན་ཏའེ་རིགས་ལ་ཧུའུ་རིགས་དབའ་རིགས་རང་སྐྱོང་རྫོང་གི་ཆུ་རྩེད་དུས་ཆེན་འགོ་ཚུགས་པ་རེད། ཉིན་དེར་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ཕྲག་ཁ་ཤས་རྫོང་གྲོང་དུ་འཛོམས་ནས། ཆུ་རྩེད་དུས་ཆེན་ལ་རོལ་ཞིང་ཏའེ་ལོ་1386ལོའི་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད། 
     ཆུ་རྩེད་དུས་ཆེན་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོ་ཡིན་པ་དང་། ཏའེ་རིགས་དང་ཏེ་ཨང་རིགས་སོགས་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གཟབ་རྒྱས་ཤོས་ཤིག་རེད། 
     མེང་ལན་རྫོང་ན་ཡུན་ཐང་ཆེན་དུ་དགོད་སྒྲ་དང་འཕྱོ་བཞིན་པའི་ཆུ་ཡི་རླབས་རིས་མི་སེམས་འགུལ་བའི་རི་མོ་ཞིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་མི་རིགས་དང་། ཕོ་མོ། ལོ་ཚོད་བཅས་ལ་མ་བལྟོས་པར་ལག་ཏུ་ཆུ་མདའ་དང་ཆུ་གཞོང་བཟུང་ནས། ཕན་ཚུན་ལ་བདེ་སྐྱིད་དང་བཀྲ་ཤིས་པའི་ཆུ་གཏོར་ཏེ་ཡུལ་དངོས་སུ་སྤྲོ་སྣང་གི་རྒྱ་མཚོ་ཞིག་ཏུ་གྱུར་ཡོད། 
【1】  【2】  【3】
༄༅།།མི་ཁྲི་ཕྲག་ཁ་ཤས་ཆུ་རྩེད་དུས་ཆེན་ལ་རོལ་བ།