འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།འཇབ་རྒོལ་གྱི་དོན་རྐྱེན་འདིའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཨོ་སི་ཁྲུ་ལི་ཡར་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བར་དམིགས་ཏེ། མགྲིན་ཚབ་པ་ལིན་ཅན་གྱིས་བཤད་དོན། ཟླ་4ཚེས་13ཉིན་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་ཉོ་སྒྲུབ་ལྟེ་གནས་ཤིག་ཏུ་གྲི་འཁྱེར་ནས་མི་བསད་པའི་དོན་རྐྱེན་ཐོན་ནས་མི་མང་པོ་ཤི་རྨས་བྱུང་ཡོད། དོན་རྐྱེན་བྱུང་རྗེས། ཕྱི་འབྲེལ་པུས་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་གཞུང་ཚབ་དོན་གཅོད་ཁང་ལ་མཛུབ་ཁྲིད་བྱས་ཏེ། འཕྲལ་མར་གཞུང་ཚབ་དོན་གཅོད་སྲུང་སྐྱོང་གི་འཕྲལ་བསྟུན་ལམ་སྲོལ་ལག་བསྟར་བྱས་ནས། ཀྲུང་གོའི་སྤྱི་དམངས་ཤི་རྨས་ཀྱི་གནས་ཚུལ་ཞིབ་དཔྱད་བྱས་པ་རེད། 
     ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ད་ལྟའི་བར་དོན་རྐྱེན་དེས་ཀྲུང་གོའི་སྤྱི་དམངས་1རྐྱེན་ལམ་དུ་ཤོར་བ་དང་ཀྲུང་གོའི་སྤྱི་དམངས་1ལ་རྨས་ཕོག་ཡོད། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་གཞུང་ཚབ་དོན་གཅོད་ཁང་གིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ལ་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་དགོས་པ་དང་། ནང་མིར་ནུས་ཤུགས་ཡོད་རྒུས་མཇུག་སྐྱོང་གི་གཞོགས་འདེགས་ཧུར་ཐག་བྱས་ནས། བརྟག་དཔྱད་བྱེད་རིམ་ལ་དོ་ཁུར་ཟབ་ནན་བྱེད་དགོས་པའི་སྐུལ་མ་བཏང་ཡོད།