འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ཛ་དྲག་གི་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་14ཉིན། “དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་”གི་སྐད་འཕྲིན་སྤྱི་སྟེགས་སུ། དབྱི་རན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ས་གནས་དེ་གའི་བདེ་འཇགས་ཀྱི་གནས་བབ་ལ་དོ་ཁུར་ཟབ་མོ་བྱེད་དགོས་པའི་དམིགས་བསལ་དྲན་སྐུལ་བྱས་པ་རེད། ནང་དོན་ཆ་ཚང་གཤམ་གསལ་ལྟར། 
     མིག་སྔར་དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་། དབྱི་རན་གྱི་ས་གནས་དེ་གའི་བདེ་འཇགས་ཀྱི་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་རུ་ཕྱིན་ཡོད། 
     དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་དབྱི་རན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ལ་ས་གནས་དེ་གའི་བདེ་འཇགས་ཀྱི་གནས་བབ་དང་། གཞུང་ཚབ་ཆེན་མོ་ཁང་གིས་སྤེལ་བའི་བདེ་འཇགས་དྲན་སྐུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཉེན་ཟོན་བདེ་སྲུང་གི་རྒྱུད་ཐག་དམ་དུ་བཏང་ནས། ཚོར་སྣང་སྐྱེན་པའི་ས་ཁུལ་དང་མི་ཚོགས་འདུས་པའི་གནས་སུ་མི་བསྐྱོད་པར་ཉེན་ཟོན་བདེ་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་དྲན་སྐུལ་སླར་ཡང་བྱས་པ་རེད། 
     གལ་སྲིད་ཛ་དྲག་གི་གནས་ཚུལ་དང་འཕྲད་ཚེ། དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས་པ་མ་ཟད། དབྱི་རན་དུ་བཅའ་སྡོད་གཞུང་ཚབ་ཁང་དང་འབྲེལ་གཏུག་བྱས་ནས་གཞོགས་འདེགས་འཚོལ་རོགས་བྱེད་དགོས།  
     དབྱི་རན་གྱི་མྱུར་སྐྱོབ་ཁ་པར་ནི། 115 
     དབྱི་རན་གྱི་ཉེན་བརྡ་གཏོང་བའི་ཁ་པར་ནི། 110 
     ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་དོན་གཅོད་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར(ཆུ་ཚོད་24)ནི། +86-10-12308འམ་ཡང་ན་+86-10-65612308ཡིན།
     དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་གཞུང་ཚབ་དོན་གཅོད་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་ནི། +98-9122176035ཡིན། 
     ཨར་པ་སིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཚབ་དོན་གཅོད་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་ནི། +98-9914240393ཡིན།