འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ཀྲུང་གོས་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་སེམས་པ་ལྷོད་དུ་འབབ་རྒྱུའི་འབོད་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
  ཕྱི་འབྲེལ་པུའུ་ཡིས་དབྱི་རན་གྱིས་དབྱི་སི་རལ་གྱི་མངའ་ཁོངས་སུ་དམག་དོན་བྱ་སྤྱོད་སྤེལ་བའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ། 
  དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་4ཚེས་14ཉིན། དབྱི་རན་དབྱི་སི་ལན་གསར་བརྗེ་སྲུང་སྐྱོང་དམག་དཔུང་གིས་འཕུར་མདེལ་དང་མི་མེད་གནམ་གྲུ་ཡིས་དབྱི་སི་རལ་གྱི་མངའ་ཁོངས་སུ་དམག་དོན་བྱ་སྤྱོད་སྤེལ་ནས་རྡུང་རྡེག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ། 
   དྲིས་ལན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པའི་ཐད་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་པ་ལྷོད་དུ་འབབ་པ་དང་། ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས། ཐེངས་འདིའི་གནས་བབ་ཇེ་སྡུག་ཏུ་འགྲོ་བ་ནི་ཀཱ་ཟའི་གདོང་ཐུག་ཕྱིར་འཛིམ་པའི་རྣམ་པ་གསར་པ་ཞིག་རེད། ཁ་ཚ་དགོས་གཏུག་གྱུར་ཡོད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་2728ལག་བསྟར་བྱ་རྒྱུ་དང་། མགྱོགས་པོར་ཀཱ་ཟའི་གདོང་ཐུག་ཞི་ལྷོད་དུ་གཏོང་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་དང་། འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།