འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ཨུ་རུ་སུས་གླིང་མཚམས་ཀྱི་མེ་ཤུགས་འཕུར་མདའ་ལེགས་འགྲུབ་ངང་འཕེན་གཏོང་བྱས་པ་ཁྱབ་བསྒྲགས་བྱེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་12ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གནས་འཕྲིན་སྤེལ་དོན། ཉིན་དེར། ཨ་སི་ཐེ་ལ་ཧན་ཀྲོའུ་རུ་ཡོད་པའི་ཁ་ཕུའུ་སི་ཅིང་ཡར་ཚོད་ལྟ་ཁུལ་ནས་སྐམ་སར་བརྟེན་པའི་སྤོ་འགུལ་འཕུར་མདེལ་མ་ལག་བེད་སྤྱོད་བྱས་ནས་གླིང་མཚམས་ཀྱི་མེ་ཤུགས་འཕུར་མདའ་ལེགས་འགྲུབ་ངང་འཕེན་གཏོང་བྱས་ཡོད་པ་རེད། 
  གནས་འཕྲིན་ནང་། ཐེངས་འདིའི་འཕེན་གཏོང་ནི་ཨུ་རུ་སུ་རྒྱལ་ཁབ་འཕུར་མདེལ་ཕྱོགས་བསྡུས་ཚོད་ལྟའི་སྒྲོམ་གཞིའི་འོག་འཕངས་པ་ཞིག་རེད་ལ། ད་ཆ་སྤྱོད་བཞིན་པའི་འཕུར་མདེལ་གྱི་བརྟག་བརླིང་རང་བཞིན་ངོས་བཟུང་བ་ཞིག་ཀྱང་རེད།