འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་13ཉིན།

༄༅།།“རྒྱལ་ཁབ་བདེ་འཇགས་ཡོང་བར་ན་གཞོན་གྱིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་
བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་13ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཁབ་བདེ་འཇགས་པུས་པེ་ཅིང་བཟོ་ལས་སློབ་ཆེན་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་ཚོགས་ར་གཙོ་བོའི་དཔེ་སྟོན་བྱེད་སྒོ་སྤེལ་ནས“རྒྱལ་ཁབ་བདེ་འཇགས་ཡོང་བར་ན་གཞོན་གྱིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་བྱེད་སྒོའི་གཟའ་འཁོར་ཐུན་མོང་ཐོག་སྤེལ་འགོ་ཚུགས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཁབ་བདེ་འཇགས་ཡོང་བར་ན་གཞོན་གྱིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་བྱེད་སྒོའི་གཟའ་འཁོར་དེ་ཟླ་4ཚེས་10ནས་ཚེས་17ཉིན་བར་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ་དང་། སྡེ་ཚོགས་ཀྲུང་དབྱང་གཞི་རིམ་འཛུགས་སྐྲུན་པུས་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་བྱེད་སྒོའི་གཟའ་འཁོར་ལག་བསྟར་མཛུབ་ཁྲིད་དང་མཛུབ་སྟོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། བྱེད་སྒོའི་གཟའ་འཁོར་རིང་། ས་གནས་ཁག་གི་སྡེ་ཚོགས་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོ་གཞི་རྩའི་གཞི་རྟེན་དུ་བྱེད་པ་དང་རྩ་འཛུགས་ཅན་བརྟེན་ས་གཙོ་བོར་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་ཉམས་ལེན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་ཚོགས་པའི་སློབ་ཚན་སློབ་སྦྱོང་བྱེད་པ། ཀྲི་པུའུ་རུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྒྲོག་འགྲེལ་བྱེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆད་ཁྲིད་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུ་ཚོགས་མི་ཚོར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་དང་བྱང་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་ཆེད་འགན་འཁུར་ཕོད་པ་བྱེད་རྒྱུ་རེད།