འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།ཕུའུ་ཅིང་གིས་ཡུག་རེན་དང་གྲོས་མོལ་བྱེད་པའི་ཐད་གསུངས་དོན།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་11ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱེད་འདོད་ཡོད་མོད། འོན་ཀྱང་དོན་དངོས་དང་མི་མཐུན་པའི་ལངས་ཕྱོགས་བཙན་འགེལ་བྱེད་རིགས་དང་ལེན་བྱེད་རྒྱུ་མིན་ཞེས་གསུངས་པ་རེད། 
     ཕུའུ་ཅིང་གིས་ཉིན་དེར་འཚམས་འདྲིར་ཡོང་བའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་གྲོས་མོལ་གནང་སྐབས། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་ཞི་བདེའི་འདུམ་འགྲིག་ཚོགས་འདུ་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། “འོན་ཀྱང་དོན་དངོས་དང་རྦད་དེ་བྲལ་བའི་ཇུས་གཞི་གང་ཞིག་ཡིན་རུང་ང་ཚོར་བཙན་འགེལ་གཏན་ནས་བྱེད་མི་རུང་”ཞེས་གསུངས་པ་རེད། 
     ཕུའུ་ཅིང་གིས། ཨུ་རུ་སུས་ཡུག་རེན་དང་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱ་རྒྱུ་དོར་མྱོང་མེད་པ་དང་། ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱེད་འདོད་ཡོད་མོད། འོན་ཀྱང་ཡུག་རེན་གྱིས་གྲོས་མོལ་བྱ་རྒྱུ་དང་ལེན་མ་བྱས་པར་གཡུལ་སའི་ཐོག་ཨུ་རུ་སུ་ཕམ་ཉེས་སུ་གཏོང་རྩིས་བྱེད་ཀྱི་ཡོད། ད་ལྟ་ཁོ་ཚོས་དེ་ནི་འགྲུབ་མི་སྲིད་པ་ཞིག་ཡིན་པ་ཤེས་ཡོད། ཁོ་ཚོ་“དཀའ་ངལ་ཧ་ཅང་ཆེན་པོའི་”གནས་སུ་གྱར་ཡོད་ཅེས་གསུངས། 
     ཕུའུ་ཅིང་གིས་ཉེ་ཆར་ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་གྱི་ནུས་ཁུངས་སྒྲིག་བཀོད་ལ་རྡུང་རྡེག་གཏོང་བ་དེ་ནི་ཡུག་རེན་གྱིས་ཨུ་རུ་སུའི་འབྲེལ་ཡོད་སྒྲིག་བཀོད་ལ་རྡུང་རྡེག་གཏོང་བར་རྒོལ་ལན་བསློགས་པ་ཡིན་ཞེས་ཀྱང་གསུངས།