འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།མཚོ་བོད་མཐོ་སྒང་དུ་གཏེར་རིགས་འདི་ཐོག་མར་རྙེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་དང་ཀྲུང་གོའི་ཚན་རིག་ཁང་ཀོང་ཀྲོའུ་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་ཁང་གིས་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་ཁུ་ནུ་ཤར་གྱི་ཀེ་ལེ་ས་ཁུལ་དུ་བུལ་གཤིས་བྲག་རྡོ་དང་ཐཱན་སྐྱུར་བྲག་རྡོ་འདྲེས་མའི་ནིབ་དང་ཞི་ཐུའུ་གཏེར་ཁ་གསར་རྙེད་བྱུང་བ་དང་། ཚོད་དཔག་རགས་ཙམ་བྱས་པ་བརྒྱུད། གཏེར་ཁ་ཆེ་གྲས་སུ་ངོས་འཛིན་བྱས་པ་རེད། འབྲེལ་ཡོད་ཞིབ་འཇུག་བྱས་འབྲས་རིག་གཞུང་དུས་དེབ་《ས་གཞི་ཆེན་པོ་གྲུབ་ཚུལ་དང་གཏེར་ཁ་གྲུབ་ཚུལ་རིག་པ་》ཞེས་པའི་ཐོག་བཀོད་ཡོད།  
     ནིབ་དང་ཞི་ཐུའུ་ནི་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་ལྡན་པའི་གཏེར་ཁའི་ཐོན་ཁུངས་གལ་ཆེན་ཞིག་ཡིན། ཉེ་ལམ། རང་རྒྱལ་དུ་ད་དུང་གཞི་ཁྱོན་ལྡན་པར་གསར་སྤེལ་དང་བེད་སྤྱོད་དུ་མཁོ་བའི་ནིབ་དང་ཞི་ཐུའུ་གཏེར་རི་མེད་པས་ནིབ་ཀྱི་ཐོན་ཁུངས་གཙོ་བོ་ནང་འདྲེན་ལ་བརྟེན་བཞིན་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ནིབ་དང་ཞི་ཐུའུ་གཏེར་ཁ་འཛམ་གླིང་ཡོངས་སུ་ཁྱབ་རྒྱ་ཆེ་ཞིང་རིགས་སྣ་ཚོགས་ཡོད་ལ། དེའི་ནང་བུལ་གཤིས་བྲག་རྡོ་དང་ཐཱན་སྐྱུར་བྲག་རྡོ་དང་འབྲེལ་བ་ཡོད་པའི་གཏེར་ཁ་ནི་ནིབ་དང་ཞི་ཐུའུ་ཐོན་ཁུངས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། ད་ཐེངས་ཤེས་རྟོགས་བྱུང་བའི་ཐཱན་སྐྱུར་བྲག་རྡོའི་རིགས་ཀྱི་ནིབ་གཏེར་ལས་གཏེར་འཚོལ་གྱི་མདུན་ལམ་ཡག་པོ་ཡོད་པ་མངོན་ཡོད།