འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།གུང་གསེང་གཏོང་བའི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2024ལོའི་ངལ་རྩོལ་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག་སྐོར་གྱི་བརྡ་ཐོ། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི་དགོངས་དོན་གཞིར་བཟུང་། 2024ལོའི་ངལ་རྩོལ་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག་གི་བརྡ་ཐོ་གཤམ་གསལ་ལྟར། 
     ཟླ་5ཚེས་1ཉིན(གཟའ་ལྷག་པ)ནས་ཟླ་5ཚེས་5ཉིན(གཟའ་ཉི་མ)བར་ངལ་གསོ་གཏོང་རྒྱུ་ཡིན་ལ་ཁྱོན་ཉིན་5ཡོད། ཟླ་4ཚེས་28ཉིན(གཟའ་ཉི་མ)དང་ཟླ་5ཚེས་11ཉིན(གཟའ་སྤེན་པ)ལས་ཚོགས་ལ་འགྲོ་དགོས། 
     རྒྱ་ཆེའི་གྲོང་མི་རྣམས་ཀྱིས་ལས་ཀ་དང་འཚོ་བ་སྔོན་ལ་བཀོད་སྒྲིག་ཡག་པོ་བྱས་ཏེ། བདེ་འཇགས་ལ་དོ་སྣང་དང་ཡ་རབས་ཚུལ་ལྡན་གྱིས་ཕྱི་ལ་བསྐྱོད་དེ་སྤྲོ་སྣང་དང་འཆམ་མཐུན་གྱི་གུང་གསེང་ཞིག་གཏོང་རོགས། 
     པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས། 
     2024ལོའི་ཟླ་4ཚེས་12ཉིན་ཕབ།