འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།ཀྲུང་གོ་ཕྱོཊ་ཀྱིས་བཀག་སྡོམ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་11ཉིན་ཕྱི་འབྲེལ་པུས《ཨ་རིའི་ཀུན་སྤྱོད་མ་རྡུལ་མཁའ་འགྲུལ་མ་ལག་ཀུང་སི་དང་ཀུན་སྤྱོད་སྒུལ་ཤུགས་སྐམ་སའི་མ་ལག་ཀུང་སིར་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་རེད། ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མུ་མཐུད་དུ་མཚོན་ཆ་བཙོངས་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ཞིང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། 《ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ། དགུ་པ། བཅོ་ལྔ་པའི་གཏན་འབེབས་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཟླ་4ཚེས་11ཉིན་ནས་བཟུང་། ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མཚོན་ཆ་བཙོང་བའི་ནང་ཞུགས་མཁན་ཨ་རིའི་ཀུན་སྤྱོད་མ་རྡུལ་མཁའ་འགྲུལ་མ་ལག་ཀུང་སི་དང་། ཀུན་སྤྱོད་སྒུལ་ཤུགས་སྐམ་སའི་མ་ལག་ཀུང་སི་སོགས《བཀག་སྡོམ་ལ་རྒོལ་བའི་གསལ་ཐོའི》ནང་འཁོད་པའི་ཁེ་ལས་ལ་གཤམ་གསལ་གྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་གཏན་འབེབས་བྱས་པ་སྟེ། 
     རང་རྒྱལ་མངའ་ཁོངས་སུ་ཡོད་པའི་འགུལ་ནོར་དང་བརྟན་ནོར། རྒྱུ་ནོར་རིགས་གཞན་དག་བསྡམས་བཅད་བྱ་རྒྱུ། 
     མཐོ་རིམ་དོ་དམ་མི་སྣར་ཐོངས་མཆན་སྤྲད་མི་ཆོག་པ་དང་། རྒྱལ་ཁོངས་སུ་འཛུལ་བའི་ཆོག་མཆན་སྤྲད་མི་ཆོག