འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།འགོ་ཁྲིད་འདི་དག་གི་གོ་གནས་བསྐོ་འཐེན་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས། 
     ལུང་ཐེང་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། ལིའུ་ཀྲུང་དབྱི་དང་ཧུའུ་པིན་ཁྲེན་སྤྱི་བདེ་པུའུ་པུའུ་ཀྲང་གི་ལས་རོགས་ལ་བསྐོ་གཞག་བྱས། ཡུས་ཧུའེ་ཝུན་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། མོ་ཀའོ་དབྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས། ཝུའུ་ཀྲའོ་ཧུའེ་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པར་བསྐོ་གཞག་བྱས་པ་རེད། 
     ཝུའུ་ཀྲའོ་ཧུའེ་ཡི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། སུན་ཡེ་ལིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱས། ལུང་ཐེང་གི་པེ་ཅིན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་གཙོའི་གོ་གནས་ཕྱིར་འཐེན་བྱས་པ་རེད།