འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་རྒྱལ་སྲུང་མཐའ་སྲུང་གི་ལང་ཚོའི་གཏམ་རྒྱུད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར། ཚེས་8ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཀྲུང་དབྱང་སྡེ་ཚོགས་སློབ་གྲྭར་རྒྱལ་སྲུང་མཐའ་སྲུང་གི་ལང་ཚོའི་གཏམ་རྒྱུད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་སྤེལ་སར་ཧའེ་ནན་སན་ཧྲ་དང་། ཅི་ལིན། ཡུན་ནན། བོད་ལྗོངས། ཤིན་ཅང་བཅས་ཀྱི་ཕུལ་བྱུང་གཞོན་ནུའི་འཐུས་མི་10ཡིས་རང་ཉིད་རྒྱལ་སྲུང་མཐའ་སྲུང་ནང་ཞུགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ནས“ལྷད་མེད་ཀྱི་བརྩེ་སེམས་ཀྲུང་གོར་འཆང་བའི”དུས་རབས་ཀྱི་སྐད་སྒྲ་མཚོན་པར་བྱས་ཡོད།
     གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། སྒྲོག་འགྲེལ་ནང་ཞུགས་པའི་ཕུལ་བྱུང་གཞོན་ནུའི་འཐུས་མི་རྣམས་ཡུན་རིང་མཐའ་མཚམས་དང་རྒྱ་མཚོ་སྲུང་བའི་འཐབ་ས་དང་པོར་བསྡད་དེ། ནགས་གསེབ་ཏུ་བསྐྱོད་པ་དང་། བྱེ་ཐང་ཆེན་པོ་བགྲོད་པ། ཐང་རྒོད་དུ་སྐོར་གཡེང་བྱེད་པ། ཁ་བ་བུ་ཡུག་དང་འཐབ་པ། རྦ་རླབས་ཆེན་པོ་གཤགས་པ་བཅས་བྱས་ནས་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་ལས་རྗེས་བཏོད་ཡོད། ཁོང་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འབད་འཐབ་ཀྱི་སྙིང་སྟོབས། འཐབ་རྩོད་ཀྱི་སྙིང་སྟོབས་བཅས་ལ་གཞོན་ནུ་ཚོས་སློབ་སྦྱོང་བྱེད་རིན་ཡོད། གུང་གཞོན་སྡེ་ཚོགས་ཀྱིས་རྒྱལ་སྲུང་མཐའ་སྲུང་གི་གཏམ་རྒྱུད་སྔར་བས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་བརྟན་པའི་མིག་དཔེ་བཟང་པོ་བྱེད་པའི་བརྩོན་ལེན་དང་། འགན་འཁྲི་འཁུར་བའི་སྤྱོད་ལམ་བཟང་པོ་རང་རྒྱུད་ལ་འཇགས་པ། དཀའ་སྤྱད་སྡུག་རུས་ཐེག་པའི་སྤྱོད་ཚུལ་བཟང་པོ་རང་རྒྱུད་ལ་འཇགས་པ། ཡུན་རིང་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྒྲོག་འགྲེལ་བྱེད་སྒོ་ཀྲུང་གོ་མི་དམངས་སློབ་ཆེན་དང་། པེ་ཅིང་འགྲིམ་འགྲུལ་སློབ་ཆེན། ཀྲུང་གོ་ལྕགས་ལམ་སོགས་མཐོ་སློབ་དང་ཁེ་ལས་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།
     (རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)