འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཨ་རིས་ཉེན་བརྡ་འདི་ལྷུག་ཏུ་གཏོང་རྒྱུ་ཟེར་བར་ལན་བསློགས་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     ཕྱི་འབྲེལ་པུས་ཚེས་10ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས། གསར་འགོད་པ་ཞིག་གིས། ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཁན་པེ་ཨེར་གྱིས་ཟླ་4པའི་ཚེས་9ཉིན་ཨ་རིས་རང་ཉིད་ཀྱི་སྤྱི་དམངས་ཀྲུང་གོར་བསྐྱོད་པར་དམིགས་པའི་ཉེན་བརྡ་ལྷུག་ཏུ་གཏོང་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད། ཉེན་བརྡ་དེ་དག་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་སྤེལ་རེས་ལ་ཚོད་འཛིན་ཕོག་སྲིད་ཅེས་བཤད་པ་རེད། ཕྱི་འབྲེལ་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་དགོས་སམ་ཞེས་དྲིས།
     མའོ་ཉིང་གིས། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོར་ཡུལ་སྐོར་ལ་བསྐྱོད་རྒྱུའི་དྲན་སྐུལ་རིམ་པ་དཔྱད་བསྡུར་སོགས་ཀྱི་སྐོར་ལ་གནས་ལུགས་གཏན་ནས་མེད། དེའི་དབང་གིས་ཀྲུང་གོར་ཡོང་འདོད་པའི་ཨ་རི་བ་མང་པོ་ཞིག་ཡོང་ཐུབ་མེད། ང་ཚོའི་རེ་བར་ཨ་རི་ཕྱོགས་ཀྱིས་ཡུལ་སྐོར་དྲན་སྐུལ་རྫུན་མ་ཕྱིར་འཐེན་དང་། རིམ་པ་དཔྱད་བསྡུར་གྱི་ནོར་འཁྲུལ་ལེགས་སྒྲིག་གང་མགྱོགས་བྱས་ནས། ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་འགོག་རྐྱེན་བཟོ་རིགས་མེད་པར་བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།