འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཨུ་རུ་སུས་དབྱིན་ཇིའི་མི་22རྒྱལ་ཁོངས་སུ་འཛུལ་མི་ཆོག་པ་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་10ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས། དབྱིན་ཇི་ཕྱོགས་ཀྱིས་ཨུ་རུ་སུར་ངོ་རྒོལ་བྱེད་པའི་སྲིད་ཇུས་ལ་ལན་སློག་ཆེད། ཨུ་རུ་སུས་དབྱིན་ཇིའི་སྤྱི་དམངས་22ལ་བཀག་སྡོམ་བྱས་ནས་རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་ཐག་བཅད་ཅེས་འཁོད་ཡོད། 
     གསལ་བསྒྲགས་ནང་བཤད་དོན། དབྱིན་ཇི་སྲིད་གཞུང་གིས་མུ་མཐུད་དུ་ཨུ་རུ་སུར་ངོ་རྒོལ་བྱེད་པའི་དྲག་སྐྱོད་ཀྱི་སྲིད་ཇུས་སྤྱོད་ཀྱི་ཡོད། དེར་རྒོལ་ལན་སློག་ཆེད་ཨུ་རུ་སུས་དབྱིན་ཇིའི་སྲིད་གཞུང་སྒྲིག་གཞི་དང་། ITལས་རིགས། བཅའ་ཁྲིམས་ཞབས་ཞུའི་ལས་རིགས་བཅས་ཀྱི་མི་སྣ་མང་པོ་“རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་མིང་ཐོའི”ནང་འཇུག་རྒྱུའི་ཐག་བཅད་ཡོད། 
     ཨུ་རུ་སུའི་ཕྱི་འབྲེལ་པུས་ད་དུང་གསལ་བསྒྲགས་ནང་། དབྱིན་ཇིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཕམ་ཉེས་ཡོང་ངེས་རེད། ཨུ་རུ་སུར་ངོ་རྒོལ་བྱེད་པའི་བཀག་སྡོམ་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཚེ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ནས། ཨུ་རུ་སུ་ཕྱོགས་ཀྱི་རྒོལ་ལན་དྲག་པོ་ཐེབས་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། དབྱིན་ཇིས་ངེས་པར་དུ་དེ་ངོས་འཛིན་ཐུབ་དགོས་ཞེས་ནན་བཤད་བྱས་ཡོད།