འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།འགོ་ཁྲིད་འདི་གཞུང་གཏུག་བྱས་འདུག  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཞུང་ཞུའེ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུ་རེད། ཉེ་ཆར། ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཀྲེང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་ཡོད། 
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཁྲིམས་སྦྱོར་དུས་རིམ་དུ། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ཞུང་ཞུའེ་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བ་ཞུང་ཞུའེ་ལ་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཡང་ཉན་འཇོག་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། ཕྱི་སྦྱོར་ཕྱི་མ་བ་ཞུང་ཞུའེ་ཡིས་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་། ཁྲུང་ཆིང་མཐོ་གསར་ཆུས་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁྲུང་ཆིང་བྱང་རྒྱུད་ཆུས་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀྲུང་རེན། ཁྲུང་ཆིང་ལང་ཅང་ཆུས་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་ཡོང་ཁྲོན་ཆུས་ཨུའི་ཧྲུའུ་ཅི། ཁྲུང་ཆིང་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་རེན། ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཁྲུང་ཆིང་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁག་གི་ཧྲུའུ་ཅི་སོགས་ལས་གནས་འགན་འཁུར་བའི་སྟབས་བདེར་བརྟེན་ནས། མི་གཞན་ལ་ཁེ་ཕན་རག་ཐབས་བྱེད་པ་དང་། དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟངས་བདེའི་ཆ་རྐྱེན་སྤྱད་དེ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ལས་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་རག་པ་དང་། མི་གཞན་གྱི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་ཤིང་གྲངས་འབོར་ཤིན་ཏུ་མང་བས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་དེའི་ཉེས་འགན་བདའ་འདེད་གཏོང་དགོས།