འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ལྷོ་ཁོ་རེ་ཡའི་འགོ་ཁྲིད་མང་པོས་ལས་ཁུར་དགོངས་ཞུ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལྷོ་ཁོ་རེ་ཡའི་མཉམ་ལས་གསར་འགྱུར་ཁང་གིས་ཚེས་11ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་རྒྱལ་དོན་ཙུང་ལི་ཧན་ཏེ་ཀྲུའུ་ཡིས་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ལས་ཁུར་དགོངས་ཞུ་བྱས་པ་དང་། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་གི་ཙུང་ཐུང་དྲུང་ཡིག་ཁང་གི་འགོ་འཛིན་དང་། སྲིད་ཇུས་ཁང་གི་འགོ་འཛིན། དབུ་བཞུགས་དྲུང་ཡིག་ཡོངས་ཀྱིས་ལས་ཁུར་དགོངས་ཞུ་གནང་རོགས་ཞུས་པ་རེད།