འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཨ་རིས་ཡུག་རེན་ལ་མཚོན་ཆ་འཚོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་9ཉིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཤིག་གི་གནས་ཚུལ་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིས་ཡུག་རེན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་1.38ཟིན་པའི་དམག་དོན་སྒྲིག་ཆས་བཙོང་ནས། “ཧོ་ཁེ་”མཁའ་ཟོན་མ་ལག་སྲུང་སྐྱོང་དང་རིམ་སྤོར་བྱ་རྒྱུར་སྤྱོད་རྒྱུ་དང་། ཡུག་རེན་གྱིས་མི་མེད་གནམ་གྲུ་དང་སྐོར་སྐྱོད་འཕུར་མདེལ་གྱི་འཇབ་རྒོལ་འགོག་སྲུང་བྱེད་པར་རོགས་རམ་བྱ་རྒྱུ་རེད། གནས་འཕྲིན་སྤེལ་བའི་ནང་ཁག་གསར་པའི་དམག་དོན་མཚོན་ཆ་འཚོང་བའི་ཞིབ་ཕྲའི་དུས་ཚོད་སོགས་བཤད་མེད།