འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ལག་ཁྱེར་འདི་མེད་པར་བཟོས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་10ཉིན་ཀེ་ལུའུ་ཅི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀྲོའུ་ཆན་དང་ཀེ་ལུའུ་ཅི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཏའར་ཆ་ཧྲི་ཝུའེ་ལི་ཡིས་ཏི་པི་ལི་སིར་ཀྲུང་གོ་དང་ཀེ་ལུའུ་ཅི་ཡའི་ལམ་ཡིག་དཀྱུས་མ་འཛིན་མཁན་ལ་ཐོངས་མཆན་འགོད་པའི་ལག་ཁྱེར་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་རེད། 
     གྲོས་མཐུན་དེར་གཞིགས་ན། ཀེ་ལུའུ་ཅི་ཡའི་སྤྱིར་བཏང་གི་ལམ་ཡིག་གམ་ཡང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་གི་ལམ་ཡིག་འཁྱེར་ནས། ཆིངས་ཡིག་འཇོག་མཁན་ཕྱོགས་གཞན་པའི་རྒྱལ་ནང་འཛུལ་བ་དང་། མངའ་ཁོངས་ཕྱིར་བསྐྱོད་པ། རྒྱལ་མཚམས་བརྒལ་དུས་སྡོད་ཐེངས་གཅིག་ལ་ཉིན་30ལས་བརྒལ་མི་རུང་བ་དང་། ཉིན་180རེར་རིམ་རྩིས་བརྒྱབ་ན་སྡོད་ཡུན་ཉིན་90ལས་མ་བརྒལ་ན། ཐོངས་མཆན་འགོད་པའི་ལག་ཁྱེར་འགྲོ་ལུགས་འགྲིམ་མི་དགོས།