འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཁ་པར་ཨང་གྲངས་ཐོ་ཁོངས་ནས་བསུབས་རྗེས་ཉེན་ཁ་གང་དམ་ཡོད་དམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཁ་པར་ཨང་གྲངས་ཐོ་ཁོངས་ནས་བསུབས་ན་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད། 
   ཀྲུང་གོ་གློག་འཕྲིན་གྱི་མགྲོན་ཞབས་པས་བཤད་དོན། རྒྱལ་ཁབ་ཀྱི་གཏན་འབེབས་ལ་གཞིགས་ན། ཨང་གྲངས་ཚང་མ་རྒྱུན་འཁོར་བེད་སྤྱོད་བྱེད་བཞིན་ཡོད་པས། སྤྱོད་མཁན་གྱི་ལག་ཐོགས་ཁ་པར་གྱི་ཨང་གྲངས་ཐོ་ཁོངས་ནས་བསུབས་རྗེས། ཉིན་90ཡི་སྤྱོད་མཚམས་འཇོག་པའི་དུས་བཀག་ཡོད། དུས་བཀག་འདས་རྗེས། ད་གཟོད་ཚོང་རར་བསྐྱར་དུ་གཏོང་རྒྱུ་ཡིན། 
   ཀྲུང་གོ་སྒུལ་བདེའི་མགྲོན་ཞབས་པས་བཤད་དོན། ལག་ཐོགས་ཁ་པར་གྱི་ཨང་གྲངས་ཐོ་ཁོངས་ནས་བསུབས་རྗེས། ཉིན་90ཡི་སྤྱོད་མཚམས་འཇོག་པའི་དུས་ཡུན་ཡོད། དུས་ཡུན་དེའི་རིང་སྤྱོད་མཁན་རང་ཉིད་ཀྱིས་སྔར་བཞིན་ཨང་གྲངས་དེ་བསྐྱར་དུ་སྤྱོད་ཆོག་པ་དང་། དུས་བཀག་ལས་འདས་རྗེས། ཨང་གྲངས་སླར་ཡང་ཨང་གྲངས་མཛོད་དུ་བཅུག་ནས་ཁྲོམ་རར་གཏོང་རྒྱུ་ཡིན། 
   ཀྲུང་གོ་ལེན་ཐུང་གི་མགྲོན་ཞབས་པས་བཤད་དོན། སྤྱོད་མཁན་གྱིས་ཨང་གྲངས་ཐོ་ཁོངས་ནས་བསུབ་སྐབས། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་མི་འགྲོ་བའི་ཆེད་དུ་ལས་གཉེར་ཁང་གི་ཞབས་ཞུ་མི་སྣ་དང་ལས་སྒོ་བདག་སྤྲོད་ཡི་གེའི་ཐོག་ཏུ་འབྲེལ་ཡོད་དྲ་སྦྲེལ་བེད་སྤྱོད་དུས་ཐོག་ཏུ་མེད་པར་བཟོ་རྒྱུའི་དྲན་སྐུལ་བྱེད་ཀྱི་ཡོད། དུས་མཚུངས་སུ་ཀྲུང་གོ་ལེན་ཐུང་གིས་གཙོ་རྒྱུན་དྲ་སྦྲེལ་ཁེ་ལས་ཁག་ཅིག་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་བཙུགས་ནས། སྤྱོད་མཁན་ལ་རིན་མེད་འདྲི་རྩད་དང་གཙང་བཤེར་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། 
    ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས “ལག་ཐོགས་ཁ་པར་གྱི་ཨང་གྲངས་རང་འགུལ་ངང་ཐོ་ཁོངས་ནས་བསུབ་པ་དང་གཞན་འགུལ་གྱིས་ཐོ་ཁོངས་ནས་བསུབ་པའི་ཨང་གྲངས་ཁྲོམ་རར་བསྐྱར་གཏོང་དུས་ཚོད་ཅུང་མི་འདྲ”ཟེར། ལས་རིགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་གྱི་ཨང་གྲངས་རང་འགུལ་ངང་ཐོ་ཁོངས་ནས་བསུབ་པ་དེ། གཉེར་སྐྱོང་ཚོང་པས་ཉིན་90ཡི་རྗེས་སུ་གཞི་ནས་ཨང་གྲངས་དེ་བསྐྱར་དུ་སྤྱོད་རྒྱུ་དང་། གྲོན་དངུལ་ཆད་པ་སོགས་ཀྱི་དབང་གིས་གཞན་དབང་གིས་ཐོ་ཁོངས་ནས་བསུབ་པའི་ཁ་པར་ཨང་གྲངས་ནི་ལོ་ཕྱེད་ཀྱི་རྗེས་སུ་སླར་ཡང་ཁྲོམ་རར་གཏོང་གི་ཡོད།
   ཁ་པར་ཨང་གྲངས་ཐོ་ཁོངས་ནས་བསུབས་ན་ཉེན་ཁ་གང་དག་འབྱུང་སྲིད།
   མིག་སྔར། ཐོ་ཁོངས་ནས་བསུབ་པའི་ལག་ཐོགས་ཁ་པར་གྱི་ཨང་གྲངས་སླར་ཡང་ཁྲོམ་རར་བཏང་ན། དེ་སྔའི་བདག་པོ་དེས་སྦྲེལ་མཚམས་བཅད་མེད་པའི་ཉེར་སྤྱོད་དམ་ཡང་ན་ལས་སྒོ་གཞན་དག་ནི་ཨང་གྲངས་ཀྱི་བདག་པོ་གསར་པས་བེད་སྤྱོད་དམ་ཡང་ན་སྦྲེལ་མཐུད་བྱེད་ཐུབ་ཤས་ཆེ། 
   ལག་ཐོགས་ཁ་པར་གྱི་ཨང་གྲངས་ཐོ་ཁོངས་ནས་བསུབ་སྐབས། གལ་ཏེ་རང་འགུལ་ངང་ཉེར་སྤྱོད་དང་ལས་སྒོ་དག་མེད་པར་མ་བཟོས་ཚེ་རྗེས་སུ་ཨང་གྲངས་སྤྱོད་མཁན་གྱིས་དེ་སྔའི་བདག་པོའི་ཉེར་སྤྱོད་ཨང་གྲངས་ནང་ཞུགས་ནས་བཀོལ་སྤྱོད་སྣ་ཚོགས་བྱེད་སྲིད། དེ་དང་ཆབས་ཅིག་ཨང་གྲངས་དེའི་དེ་སྔའི་བདག་པོ་ཡི་སྟེགས་བུ་དང་། དྲ་ཚིགས། Appབཅས་ཀྱི་ནང་གི་མི་སྒེར་གྱི་ཆ་འཕྲིན། རྩིས་ཐོའི་གསང་གྲངས་སོགས་འགག་རྩའི་ཆ་འཕྲིན་ཡང་ཕྱིར་གྱར་སྲིད།
    དེ་དག་ལས་ལག་ཐོགས་ཁ་པར་ཨང་གྲངས་ཀྱི་དེ་སྔའི་བདག་པོ་ལ་རྒྱུ་ནོར་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཐད་མི་མངོན་པའི་ཉེན་ཁ་བཟོ་ངེས་རེད།
    ཁ་པར་ཨང་གྲངས་ཐོ་ཁོངས་ནས་བསུབ་སྐབས་དོ་སྣང་བྱེད་དགོས་ས་གང་དག་ཡོད། 
    ལག་ཐོགས་ཁ་པར་གྱི་ཨང་གྲངས་ཐོ་ཁོངས་ནས་བསུབ་པའི་གནད་འགག་ནི་ཨང་གྲངས་ལས་དང་ལེན་བྱས་མྱོང་བའི་སྟེགས་བུ་དང་། དྲ་ཚིགས། ཉེར་སྤྱོད་དང་ལས་སྒོ་བཅས་སྦྲེལ་མཚམས་གཅོད་རྒྱུར་ཐུག་ཡོད། 
   རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། མཉེན་ཆས་གང་ཞིག་གིས་ཀྱང་ཁ་པར་ཨང་གྲངས་ཤིག་གི་མིང་ཐོག་གི་ཐོ་འགོད་ཆ་འཕྲིན་ཚང་མ་འཚོལ་ཐུབ་ཀྱི་མེད། དེ་སྔོན་བཟོ་ལས་ཆ་འཕྲིན་པུས་“འཛིན་གཅིག་ཀུན་བཤེར”ཞབས་ཞུ་བཏོན་པ་དེས། སྤྱོད་མཁན་གྱིས་སྐད་འཕྲིན་དང་། QQ འཁྱུག་དབྱིངས། ཅིང་ཏུང་། མེ་ཐོན་སོགས་Appཐོག་ཐོ་འགོད་བྱས་ཚུལ་འདྲི་རྩད་བྱེད་ཐུབ།  
   འཛད་སྤྱོད་པས་བཟོ་ལས་ཆ་འཕྲིན་པུའི་སྲིད་དོན་སྐད་འཕྲིན“བཟོ་འཕྲིན་སྙན་ཞུ”( “工信微报”)དང“བཟོ་ལས་ཆ་འཕྲིན་པུའི་མགོ་སྐོར་ངོ་རྒོལ་ཆེད་ཚན”( “工信部反诈专班”)སོགས་སྐད་འཕྲིན་སྤྱི་སྟེགས་དང་། དེ་བཞིན་གཏོང་སྤྲོད་འབོ་ཡི“འཛིན་གཅིག་ཀུན་བཤེར” སོགས་ཀྱི་བྱ་ཐབས་བརྒྱུད། འདྲི་རྩད་བྱས་ནས་རེ་རེ་བཞིན་སྦྲེལ་མཚམས་གཅོད་ཆོག
    ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་ཆ་འཕྲིན་པུའི་མཛུབ་ཁྲིད་འོག་ཀྲུང་གོ་སྒུལ་བདེས་ཐེངས་གཉིས་པར་སྤྱད་པའི་ཨང་གྲངས་སྦྲེལ་གཅོད་ཞབས་ཞུ་གསར་སྤེལ་བྱས་ཡོད། ཨང་གྲངས་སླར་ཡང་ཁྲོམ་རར་མ་བཏང་གོང་དྲ་སྦྲེལ་ཉེར་སྤྱོད་མཁོ་འདོན་ཚོང་པར་བརྡ་ཐོ་བཏང་ནས། སྦྲེལ་མཐུད་བྱས་པའི་དྲ་སྦྲེལ་ཉེར་སྤྱོད་ཀྱི་སྦྲེལ་མཚམས་གཅོད་རྒྱུ་དང་། མིག་སྔར་གཏོང་སྤྲོད་པའོ་དང་། ཐའོ་པའོ། ཝུའེ་ཕེན་ཧོའུ། ཁའེ་ཧྲོའུ་སོགས་ཉེར་སྤྱོད་11ལ་ཁྱབ་ཡོད་པ་རེད། གོམ་སྟབས་རྗེས་མར། རང་འདེམས་ཀྱི་སྦྲེལ་གཅོད་ནུས་པ་དེ་ཀྲུང་གོའི་སྒུལ་བདེའི་Appནང་འཇུག་རྒྱུ་ཡིན།