འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།2024ལོའི“ཀྲུང་གོར་མ་འཇོག་བྱེད”ཅེས་པའི་ཆེད་དོན་འོས་སྦྱོར་བྱེད་སྒོ་འཇར་མན་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། 2024ལོའི“ཀྲུང་གོར་མ་འཇོག་བྱེད”ཅེས་པའི་རིམ་སྤེལ་བྱེད་སྒོའི་འཇར་མན་གྱི་ཆེད་དོན་ཚོགས་ར་ཚེས་5ཉིན་པ་ཏིང—ཧྥུའུ་ཐེང་པའོ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་སི་ཐུའུ་ཅ་ཐེར་གཉེར་ཞིང་། བྱེད་སྒོར་འཇར་མན་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་300ལྷག་ཙམ་ཞུགས་ཡོད།
   ཧྥ་ལན་ཁེ་ཧྥུའུ་ལ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧོང་དབྱི་དབྱང་གིས་ཀྲུང་གོའི་རྒྱ་ཆེ་བའི་འཛད་སྤྱོད་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་མ་ལག་དང་འཇར་མན་གྱི་ལག་རྩལ་གསར་གཏོད་ཞིབ་སྤེལ་གྱི་ལེགས་ཆའི་དབར་ཚད་མཐོའི་གསབ་རེས་བྱེད་དགོས། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོའི་མཉམ་ལས་ལ་གསོན་ཤུགས་ཆེན་པོ་ལྡན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་གོ་སྐབས་མང་བ་བཅས་ཡོད་ཅེས་བརྗོད།
    ཀྲུང་གོའི་ཧྲན་ཤིས་ཞིང་ཆེན་དང་། ཧྲའན་ཤིས་ཞིང་ཆེན། ཐེན་ཅིང་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་སོགས་ས་གནས་སྲིད་གཞུང་དང་། གླིང་ཁུལ། ཁེ་ལས་བཅས་ཀྱི་འཐུས་མིས་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་དང་རྩེར་སོན་སྒྲིག་ཆས་བཟོ་བ་སོགས་ཐད་ཀྱི་རང་ངོས་ལེགས་ཆ་འོས་སྦྱོར་ངོ་སྤྲོད་བྱས་ཤིང་། འབྲེལ་ཡོད་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་དང་འཇར་མན་ཁེ་ལས་ཀྱི་ཁག་བགོས་ལས་རིགས་དབར་མ་འཇོག་རྣམ་གྲངས་ཐད་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་ཡོད།