འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།ཀྲུང་དབྱང་གིས་ལས་ཁུངས་འདི་དག་ལ་སྐོར་གཟིཊ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པར་བརྟེན། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ནང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཚོང་དོན་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་། རྩིས་བཤེར་ཧྲུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་བསྡོམས་རྩིས་ཅུས། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། རྒྱལ་ཁབ་ནུས་ཁུངས་ཅུས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལས་འཛིན་ལྷན་ཚོགས། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་། ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོའི་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་ཀྲུང་ཞིན་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མི་སྲོག་ཉེན་འགོག་འགན་བཅོལ(ཚོགས་པ)ཀུང་སི། ཀྲུང་གོའི་ཐའེ་ཕིང་ཉེན་འགོག་འགན་བཅོལ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོའི་ཕྱིར་གཏོང་ཡིད་རྟོན་ཉེན་འགོག་འགན་བཅོལ་ཀུང་སི་སོགས་ཚན་པ་34ཡི་ཏང་ཨུ(ཏང་ཙུའུ)ལ་རྒྱུན་ལྡན་གྱི་སྐོར་གཟིགས་བྱ་རྒྱུ་རེད།