འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།རིཊ་རྒྱུད་རྩ་མེད་དུ་བཏང་ཡོད་ཟེར་བའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་8ཉིན། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧོ་ལན་གྱི་ཧའེ་ཡར་ནི་ཁ་ར་ཀྭ་ཡིས་འཇར་མན་གྱིས་དབྱི་སི་རལ་ལ་དམག་དོན་རོགས་སྐྱོར་བྱས་ནས། “རིགས་རྒྱུད་རྩ་མེད་དུ་གཏོང་བའི”དོགས་པ་ཡོད་པའི་གཏུག་བཤེར་ལ་དཔང་ཉན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། 
     དཔང་ཉན་ཚོགས་འདུའི་ཐོག ནི་ཁ་ར་ཀྭ་ཡིས་འཇར་མན་གྱིས་དབྱི་སི་རལ་ལ་མཚོན་ཆ་མཁོ་འདོན་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་མ་ཟད། “འཇར་མན་གྱིས་རྦད་དེ་མཁོ་འདོན་མཚམས་འཇོག་རྒྱུ”ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཅེས་ནན་བཤད་བྱས་པ་རེད། 
     ནི་ཁ་ར་ཀྭ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་གྱོད་གཞི་དེར་དཔྱད་དཔོག་བྱེད་སྐབས། “གནས་སྐབས་བྱེད་ཐབས”འཕྲལ་མར་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་དེའི་ནང་། འཇར་མན་ལ“འཕྲལ་མར་དབྱི་སི་རལ་ལ་རོགས་སྐྱོར་བྱེད་མཚམས་འཇོག་དགོས་པ་དང་། ལྷག་པར་དུ་དམག་དོན་རོགས་སྐྱོར་གནས་སྐབས་མཚམས་འཇོག་དགོས་པ” དང་། “ཉེ་ཤར་ས་ཁུལ་རྒུད་སྐྱོབ་ཨར་ལས་ཁང་ལ་མ་དངུལ་མཁོ་འདོན་བྱེད་པ་ཕྱིར་འཐེན་དང་མཚམས་འཇོག་དགོས་པའི་ཐག་གཅོད”སོགས་ཚུད་ཡོད། 
     འཇར་མན་གྱིས་གོང་གསལ་གྱི་ཞུ་གཏུག་གཏན་ནས་དང་ལེན་བྱས་མེད་པ་མ་ཟད། ཚེས་9ཉིན་ཁྲིམས་རའི་ཐོག་དེར་ལན་སློག་ནས་གསལ་བཤད་བྱ་རྒྱུ་རེད།