འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།ཨ་རིས་ས་ཆ་འདིར་རྒྱང་འབྲིང་འཕུར་མདེལ་བཀོད་སྒྲིག་བྱ་རྩིས་ཡོད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་8ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 
   གསར་འགོད་པས་དྲིས་དོན། ཨ་རིའི་སྐམ་དམག་ཞི་བདེ་རྒྱ་མཚོ་ཆེ་མོའི་དམག་སྤྱི་ཁང་གི་སི་ལིང་ཁྲའར་སི་·ཕུའུ་ལིན་གྱིས་ཐོ་ཁེའོ་རུ་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་དུས་ཨ་རིས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་རྒྱང་འབྲིང་འཕུར་མདེལ་འཕེན་རྒྱུ་བཀོད་སྒྲིག་བྱ་རྩིས་ཡོད་པ་བཤད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
མའོ་ཉིང་། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བཞིན་ཡོད། ང་ཚོར་རྒྱལ་ཁབ་གང་རུང་ཞིག་དང་དམག་དོན་སྟོབས་ཤུགས་འགྲན་འདོད་མེད། 
    ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཕྱོགས་རྐྱང་པའི་དམག་དོན་ལེགས་ཆ་དོན་གཉེར་བྱ་ཆེད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དུ་རྒྱང་འབྲིང་འཕུར་མདེལ་བཀོད་སྒྲིག་བྱེད་པ་དང་། ཀྲུང་གོའི་སྒོ་འགྲམ་དུ་མདུན་གྲལ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དག་གི་བདེ་འཇགས་ལ་བརྩི་འཇོག་ཏན་ཏིག་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་གཏོར་བཤིག་བྱེད་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།