འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།དབྱི་རན་གྱིས་ཨ་རིར་ཐ་ཚིག་བསྒྲགས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་རན་ཙུང་ཐུང་གཞུང་དོན་ཁང་གི་ཆབ་སྲིད་ལས་དོན་གྱི་འགན་འཁུར་མཁན་ཀྲུའུ་རེན་གཞོན་པ་མོ་ཧ་མོ་ཏེ·ཅ་མུའུ་ཞི་ཏི་ཡིས་ཚེས་5ཉིན་དབྱི་རན་གྱིས་ཨ་རིའི་སྲིད་གཞུང་ལ“ཡིག་ཐོག་ཆ་འཕྲིན”བཏང་ནས། ཨ་རི་ཕྱོགས་ལ་གནོད་འཚེ་མི་ཕོག་ཆེད་དབྱི་སི་རལ་དང་རིང་དུ་བྲལ་དགོས་པའི་ཐ་ཚིག་བསྒྲགས་ཡོད་ཅེས་བཤད་པར། ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་ཨ་རི་ཕྱོགས་ཀྱི་སྒྲིག་བཀོད་དག་རྡུང་རྡེག་བྱ་ཡུལ་ལ་འཇོག་མི་རུང་བའི་བླང་བྱ་བཏོན་ཡོད།  
     ཅ་མུའུ་ཞི་ཏི་ཡིས་ཚེས་5ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འཁོད་དོན། “ཡིག་ཐོག་གི་ཆ་འཕྲིན་ཞིག་ནང་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རིའི་འགོ་ཁྲིད་པ(དབྱི་སི་རལ་གྱི་ཙུང་ལི)ནེ་ཐ་ཉི་ཡཱ་ཧུའུ་ཡིས་ཨ་རིར་དམིགས་པའི་གཡོ་སྒྱུར་མི་ཚུད་པ་དང་། རང་ལ་གནོད་པ་མི་ཕོག་ཆེད་དེ་དང་རིང་དུ་གྱེས་དགོས་པའི་ཐ་ཚིག་བསྒྲགས་ཡོད།” 
     ཅ་མུའུ་ཞི་ཏི་ཡིས། ཨ་རི་ཕྱོགས་ཀྱིས་གོང་གསལ་གྱི་ཆ་འཕྲིན་ལ་ལན་འདེབས་སྐབས། “དབྱི་རན་གྱིས་ཨ་རིའི་སྒྲིག་བཀོད་དག་རྡུང་རྡེག་གི་དམིགས་ཚད་དུ་འཇོག་མི་རུང་བའི་བླང་བྱ་བཏོན་ཡོད”ཅེས་བཤད། 
     སི་རི་ཡར་བཅའ་སྡོད་དབྱི་རན་གཞུང་ཚབ་ཆེན་མོ་ཁང་གི་གཞུང་ཚབ་སྡེ་ཁག་གི་བཟོ་སྐྲུན་ལ་ཚེས་1ཉིན་འཕུར་མདེལ་གྱི་མཁའ་རྒོལ་ཕོག་ནས་ཉུང་མཐར་ཡང་མི་13རྐྱེན་ལམ་དུ་ཤོར་ཡོད། དབྱི་རན་ཕྱོགས་ཀྱིས་འདས་པོའི་ཁྲོད་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་དཔུང་སྡེའི་ཁོངས་གཏོགས“ཧྲེང་ཁྲེང་ལུའི་”ཡི་མཐོ་རིམ་བཀོད་འདོམས་པ་ཚུད་ཡོད་ཅེས་བཤད། དབྱི་རན་དང་སི་རི་ཡས་འཇབ་རྒོལ་དེ་དབྱི་སི་རལ་གྱིས་བསླངས་པ་དང་། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་དང་ཙུང་ཐུང་ལའེ་ཞི་གཉིས་པོས་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག་ཡོད་ཅེས་བཤད།