འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།བོད་ལྗོངས་གཞིས་རྩེར་བྱུང་བའི་དོན་དག་ཅིག ཚང་མས་ཡིད་གཟབ་གནང་རོགས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་སྲད་རྒོད་གྲོང་ཚོའི་གཞུང་ལམ་དུམ་བུའི་རླངས་འཁོར་འཛུལ་སྒོ་ཞིག་ཏུ།  བུ་མོ་ཆུང་ཆུང་ཞིག་སྤོ་བོ་དང་རྨོ་བོ་ལགས་ཀྱི་རྗེས་སུ་འབྲངས་ནས་གྲོང་ཚོའི་གཞུང་ལམ་སྒྲོལ་རྩིས་བྱེད་སྐབས། ལམ་ངོས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཚགས་མ་བྱུང་བའི་དབང་གིས། བུ་མོ་ཆུང་ཆུང་དེས་རྨོ་བོ་ལགས་ཁྲིད་དེ་ཁ་གཏད་དུ་རྒྱུག་སྐབས། ལམ་ངོས་ཐོག་མྱུར་ཚད་ལས་བརྒལ་ཏེ་བཏང་ཡོང་བའི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་གིས་ཏོག་ཙམ་མ་གཏོགས་བརྡུངས་ཡོད། ཉེན་ཁ་ཆེ་བའི་དུས་དེར། ཟོག་འདྲེན་རླངས་འཁོར་ཆེན་པོའི་ཁ་ལོ་བས་མགྱོགས་མྱུར་ངང་རླངས་འཁོར་གཡས་ཕྱོགས་སུ་ཁ་ལོ་སྒྱུར་ནས་ལམ་འགྲམ་གྱི་ས་སྟོང་དུ་བཏང་བས། ད་གཟོད་ཆག་སྒོ་ལས་གཡོལ་ཐུབ་པ་བྱུང་ཡོད།
     ལོ་ཆུང་བྱིས་པའི་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་། རླངས་འཁོར་གྱི་མྱུར་ཚད་དང་། བར་ཐག དེ་བཞིན་རང་ཉིད་ཀྱི་འགུལ་སྐྱོད་ནུས་པ་བཅས་ལ་ངོས་འཛིན་ཡང་དག་མེད་པས་ཉེན་གཡོལ་གྱི་ནུས་པ་ཅུང་ཞན་པ་ཡོད། དེར་བརྟེན། ཁྱིམ་བདག་རྣམས་ཀྱིས་ངེས་པར་དུ་གཤམ་གསལ་གྱི་དོན་དག་གཉིས་ལ་དོ་སྣང་གནང་དགོས་པ་སྟེ། གཅིག་ནི་བྱིས་པ་ཁེར་རྐྱང་དུ་ཕྱི་རུ་གཏོང་མི་རུང་། གཉིས་ནི་བྱིས་པ་ཁྲིད་ནས་ཕྱི་ལ་འགྲོ་དུས་བྱིས་པའི་ལག་མགོར་དམ་པོར་འཇུས་དགོས་པ་དང་། གཞུང་ལམ་སྒྲོལ་དུས་ལམ་ངོས་སུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་རླངས་འཁོར་ལ་ཡག་པོ་བལྟ་དགོས་པ་ལས། རྒྱུགས་ཤར་གློད་ནས་གཞུང་ལམ་སྒྲོལ་བ་སོགས་གཏན་ནས་བྱེད་མི་རུང་།
     དེ་དང་དུས་མཚུངས། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱི་རྒྱ་ཆེའི་ཁ་ལོ་བ་ཚོས་ཀྱང་གྲོང་གསེབ་དང་གྲོང་རྡལ་གྱི་བགྲོད་ལམ་སྟེང་སྐྱོད་པའི་སྐབས་སུ། གཟབ་གཟབ་བྱས་ནས་རླངས་འཁོར་གཏོང་དགོས་པ་དང་། གཏན་འཁེལ་ཀྱི་མྱུར་ཚད་ལྟར་སྐྱོད་དགོས་པ། དུས་དང་རྣམ་པ་ཀུན་དུ་ལམ་འགྲམ་གྱི་རླངས་འཁོར་དང་ལམ་འགྲོ་བར་ཡིད་གཟབ་བྱེད་དགོས།
     ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།