འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།མི་91རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མོ་ཙམ་པི་ཁེའི་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། མོ་ཙམ་པི་ཁེའི་བྱང་རྒྱུད་ཀྱི་ནན་ཕུའུ་ལ་ཞིང་ཆེན་མོ་ཙམ་པི་ཁེ་གླིང་ཕྲན་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཉིན་དེར་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་91རྐྱེན་ལམ་དུ་ཤོར་བ་དང་མི་34གར་སོང་ཆ་མེད་དུ་གྱུར་པ་རེད། 
     གནས་འཕྲིན་ནང་ནན་ཕུའུ་ལ་ཞིང་ཆེན་གྱི་རྒྱལ་དོན་དྲུང་ཡིག་ཡ་དབྱི་མེ་·ནེ་ཐུའོ་ཡི་སྐད་ཆ་དྲངས་ནས་འཁོད་དོན། དོན་རྐྱེན་བྱུང་བའི་གྲུ་གཟིངས་ནི་ནན་ཕུའུ་ལ་ཞིང་ཆེན་མོ་སུའུ་ལི་ཨར་ས་ཁུལ་དུ་བསྐྱོད་པའི་སྐབས་འཕྲལ་གྲུ་གཟིངས་ཤིག་ཡིན་པ་དང་། དོན་རྐྱེན་བྱུང་དུས་གྲུ་གཟིངས་ཐོག་འགྲུལ་པ་130བླུགས་ཡོད་པ་དང་། དོན་རྐྱེན་ནི་འགྲུལ་པ་ཚད་ལས་བརྒལ་པ་བླུགས་པས་བྱུང་བ་རེད། 
     ནེ་ཐུའོ་ཡིས་བཤད་དོན། སྐབས་འཕྲལ་གྲུ་གཟིངས་དེ་ནི་ཉ་གྲུ་ཞིག་ཡིན་པས་འགྲུལ་པ་མང་པོ་དེ་འདྲ་དབོར་རྒྱུའི་ཆ་རྐྱེན་འཛོམས་མེད། ས་གནས་དེ་གར་སྐྱུག་བཤལ་བྱུང་ཚུལ་དངོས་མིན་ཆ་འཕྲིན་གྱིས་མི་རྣམས་འཇིགས་སྣང་སྐྱེས་ནས། གཅིག་རྗེས་གཉིས་མཐུད་དུ་གྲུར་བསྡད་ནས་ཤོང་ཚད་ལས་ཚབས་ཆེན་བརྒལ་བ་མ་ཟད་དོན་རྐྱེན་ཡང་བྱུང་བ་རེད། འདས་པོའི་ཁྲོད་དུ་བྱིས་པ་མང་པོ་ཡོད། ཉེ་ལམ་གསོན་མི་5རྙེད་ཅིང་། དེའི་ཁྲོད་ཀྱི་མི་2སྨན་ཁང་དུ་བསྐྱལ་བ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་གིས་སྡེ་ཁག་ལས་བརྒལ་བའི་ཚོ་ཆུང་ཞིག་བཙུགས་ནས། དོན་རྐྱེན་བརྟག་དཔྱད་དང་མཚོ་ཐོག་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།