འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།ཀྲུང་ཨའི་འགོ་ཁྲིད་འདི་གཉིས་ཐུག་འཕྲད་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་5ནས་ཚེས་6ཉིན་བར། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་ཕྱོགས་གཉིས་པོའི་སྣེ་ཁྲིད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་དང་ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཡེ་ལུན་གྱིས་ཀོང་ཀྲོའུ་རུ་རེས་སྐོར་མང་བའི་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་པོས་ཀྲུང་ཨའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། རྒྱལ་ཁབ་གཉིས་པོ་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་དང་། ཀྲུང་ཨའི་དཔལ་འབྱོར་འབྲེལ་བ་དང་དེ་བཞིན་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་སྤེལ་རེས་གཏིང་ཟབ་དང་། ཟོལ་མེད། དངོས་གཉེར། དགེ་མཚན་ལྡན་པ་བཅས་བྱས་པ་དང་། ཀྲུང་ཨའི་དཔལ་འབྱོར་དང་དངུལ་རྩའི་ལས་དོན་ཚོ་ཆུང་གི་རྣམ་གྲངས་འོག ཀྲུང་ཨ་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་དང་། དངུལ་རྩ་བརྟན་པོ། རྒྱུན་མཐུད་ཀྱི་དངུལ་རྩ། ཁྲིམས་འགལ་གྱི་དངུལ་ཁྲིམས་མཐུན་དུ་བསྒྱུར་བར་ངོ་རྒོལ་བཅས་ཀྱི་མཉམ་ལས་བྱེད་པའི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་གནང་བ་རེད། ཨ་རིའི་ཕྱོགས་ཀྱིས་ཀྲུང་གོར་དཔལ་འབྱོར་ཉོ་ཚོང་ཚོད་འཛིན་བྱེད་རིགས་ལ་ཀྲུང་གོའི་ཕྱོགས་ནས་དོ་ཁུར་ཆེན་པོ་བྱེད་ཚུལ་མཚོན་པ་མ་ཟད། ཐོན་ནུས་ཀྱི་གནད་དོན་ལའང་ལན་གང་ལེགས་བཏབ་ཡོད། ཕྱོགས་གཉིས་ཀས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་བ་རེད།