འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།ཟླ་བ་དང་པོ་དང་གཉིས་པར་ཞབས་ཞུ་ཕྱིར་གཏོང་དང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་22.8%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མགྱོགས་མྱུར་འཕར་ནས་ཞབས་ཞུ་ཕྱིར་གཏོང་དང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.2ཙམ་ཟིན་པ་དེ་དུས་མཚུངས་ལས་22.8%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་4861.7ཟིན་ནས་17.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7049ཟིན་ནས་26.5%འཕར་ཡོད།
     ཟླ་བ་དང་པོ་དང་གཉིས་པར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4648.7ཟིན་ནས་14.2%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2766.5ཟིན་ནས་13.4%འཕར་བ་དང་། འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་ཤེས་བྱའི་བདག་དབང་གི་བེད་སྤྱོད་གྲོན་དངུལ་དང་དེ་བཞིན་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་ཡོད་ཅིང་འཕར་ཚད་84.3%དང་32.8%སོ་སོར་ཟིན་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1882.2ཟིན་ནས15.4%འཕར་ཡོད། ཡུལ་སྐོར་ཞབས་ཞུ་མུ་མཐུད་མགྱོགས་མྱུར་འཕར་ཏེ་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3179.3ཟིན་ནས་51.8%འཕར་ཡོད་པ་རེད།