འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།ཨུ་རུ་སུའི་འབར་མདེལ་དབྱུག་བྱེད་གནམ་གྲུ་འཕུར་སྐྱོད་ལམ་ལྷོང་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨུ་རུ་སུའི་རྒྱལ་སྲུང་པུས་ཟླ་4ཚེས་6ཉིན་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཨུ་རུ་སུའི་ཐུའུ་-95འཐབ་ཇུས་མདེལ་དབྱུག་གནམ་གྲུས་ཁྲུའུ་ཁོ་ཆི་རྒྱ་མཚོའི་བར་གནས་ཆུ་ཁོངས་ཀྱི་མཁའ་དབྱིངས་སུ་འཆར་གཞི་ལྟར་འཕུར་སྐྱོད་བྱས་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འཕུར་སྐྱོད་དུས་ཚོད་ཆུ་ཚོད་12ལས་བརྒལ་བ་དང་ཨུ་རུ་སུའི་མཁའ་དབྱིངས་དམག་གིས་སུའུ་-35རྟགས་ཅན་གྱི་དམག་འཐབ་གནམ་གྲུ་བཏང་ནས་འཕུར་རོགས་དང་སྲུང་སྐྱེལ་བྱས་པ་རེད།