འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།རང་བྱུང་ཐོན་ཁུངས་པུའི་ཡིས་མཚོ་འཁྱོམ་གྱི་ཉེན་བརྡ་དམར་པོ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རང་བྱུང་ཐོན་ཁུངས་པུའི་མཚོ་འཁྱོམ་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་མཚོ་འཁྱོམ་གྱི་ཉེན་བརྡ་དམར་པོ་[རིམ་པⅠ/ཧ་ཅང་ཚབས་ཆེན]བཏང་འདུག 
   རང་བྱུང་ཐོན་ཁུངས་པུའུ་མཚོ་འཁྱོམ་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་མཚོ་འཁྱོམ་རིམ་པ་Ⅰཉེན་བརྡ་(དམར་པོ་)བཏང་། 2024ལོའི་ཟླ་4ཚེས་03ཉིན་གྱི་ཆུ་ཚོད་0དང་སྐར་མ་5(པེ་ཅིང་གི་དུས་ཚོད)ཐོག་ཀྲུང་གོའི་ཐའེ་ཝན་མཚོ་ཁོངས(23.85°N,121.6°E)སུ་ས་ཡོམ་རིམ་པ་7.5བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་9རེད། རང་བྱུང་ཐོན་ཁུངས་པུའུ་མཚོ་འཁྱོམ་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་ཐོག་མའི་ས་ཡོམ་གྱི་དཔྱད་གྲངས་ལ་གཞིགས་ནས་ཚོད་དཔག་བྱས་ན། ས་ཡོམ་གྱིས་ཡོམ་ཁུངས་ཉེ་འཁོར་ས་ཆ་ཁ་ཤས་སུ་མཚོ་འཁྱོམ་སློང་སྲིད། སྔོན་དཔག་བྱས་ན། རང་རྒྱལ་གྱི་ཐའེ་པེ་ཤར་དང་། ཕེང་ཏུང་ནུབ། ཕེང་ཏུང་ཤར། ཐའེ་ཏུང་ལྷོ། ཐའེ་ཏུང་བྱང་། ཧྭ་ལེན་དང་དབྱི་ལན་ངོགས་ཀྱི་ས་ཆ་ཁ་ཤས་སུ་གནོད་འཚེའི་རང་བཞིན་གྱི་ཤུགས་རྐྱེན་བཟོ་སྲིད།