འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་རྒོལ་གཏམ་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་བ་ཅིའར་·པི་ཏེ་སེན་གྱིས་གསལ་བསྒྲགས་སྤེལ་ནས། ཟླ་4ཚེས་1ཉིན་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་ཕྱི་འབྲེལ་གཞུང་ཚབ་ཁང་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་རེད། པི་ཏེ་སེན་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ནས་ངེས་པར་དུ་ཕྱི་འབྲེལ་དང་གཞུང་ཚབ་ཐོག་ཁང་ལ་བཙན་འཛུལ་མི་བྱེད་པའི་རྩ་དོན་ལ་བརྩི་འཇོག་བྱས་ནས། ས་ཁུལ་དེར་དྲག་ཤུགས་དང་ཉེན་ཁ་ཆེ་རུ་འགྲོ་བའི་སྐབས་སུ། གནས་བབ་ཇེ་སྡུག་ཏུ་གཏོང་མི་རུང་ཞེས་ནན་བཤད་བྱས་པ་རེད། 
     པི་ཏེ་སེན་གྱིས་ཕྱོགས་ཁག་གིས་རང་གཅུན་ཆེན་པོ་བྱས་ནས་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་རེ་འབོད་བྱས་ཤིང་། བྱེད་སྟངས་ནོར་འཁྲུལ་གང་གིས་ཀྱང་དེ་བས་རྒྱ་ཆེ་བའི་གདོང་གཏུག་བསླང་ནས། སི་རི་ཡ་དང་ཉེ་འཁོར་ས་ཁུལ་ལ་ཧ་ཅང་ཚབས་ཆེ་བའི་མཇུག་འབྲས་བཟོ་སྲིད་ཟེར།