འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།མི་21རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས་2ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཀཱ་ཟ་ས་ཁུལ་གྱི་ལྷོ་རྒྱུད་དང་དབུས་རྒྱུད་ཀྱི་ས་ཁུལ་མང་པོར་གཅིག་སྡུད་ཐོག་འབར་མདེལ་དབྱུགས་པས་ཉུང་མཐར་ཡང་མི་21རྐྱེན་ལམ་དུ་ཤོར་བ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཚེས་2ཉིན་གྱི་ཐོ་རེངས་སུ་ཀཱ་ཟ་རྒྱུད་ཀྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥའི་སྡོད་ཁང་ཞིག་ལ་མཁའ་རྒོལ་བྱས་ནས། ཉུང་མཐར་ཡང་མི་10རྐྱེན་ལམ་དུ་ཤོར་བ་རེད། ཀཱ་ཟ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སི་སོགས་ས་ཁུལ་མང་པོར་ཉིན་དེར་དབྱི་སི་རལ་དམག་དཔུང་གིས་གཅིག་སྡུད་ཐོག་འབར་མདེལ་དབྱུགས་ནས་ཉུང་མཐར་ཡང་མི་3རྐྱེན་ལམ་དུ་ཤོར་ཡོད། གཞན་ཡང་། དབྱི་སི་རལ་དམག་གིས་ཉིན་དེར་ཀཱ་ཟ་ས་ཁུལ་གྱི་དབུས་རྒྱུད་ནུའུ་སའེ་ལའེ་ཐེ་ཡི་ཡུལ་གྱར་བའི་སྒར་དང་ཏེའར་པའེ་ལཱ་ཧོ་སོགས་སྡོད་ཁང་མང་པོར་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི་8རྐྱེན་ལམ་དུ་ཤོར་བ་རེད། 
     ཕ་ལེ་སི་ཐན་ཀཱ་ཟ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་གིས་འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཀཱ་ཟ་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཁྲོད་མི་71རྐྱེན་ལམ་དུ་ཤོར་བ་དང་། མི་102རྨས་ཡོད། ན་ནིང་ཟླ་10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་གསར་པ་ཐོན་པ་ནས་བཟུང་། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་མི་ཁྲི་3.29ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་7.5ལྷག་ཙམ་རྨས་ཡོད།