འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།མི་1422ལ་དྲན་གསོའི་རྟཊ་མ་འདི་གནང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མི་1422ལ་དྲན་གསོའི་རྟཊ་མ་འདི་གནང་འདུག
     གསར་འགོད་པས་ཟླ་4ཚེས་2ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་2ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཁོངས་གཏོགས་ཀྱི་སྤྱི་ཁྱབ་ས་ཚིགས་ཁག་གི་ཚན་པས་2024ལོའི་མཐའ་མཚམས་སྲུང་པའི་དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོ་གཅིག་གྱུར་ཐོག་སྤེལ་ཞིང་། རྒྱལ་ཡོངས་སུ་མཐའ་མཚམས་སྲུང་པའི་མི་དམངས་ཉེན་རྟོག་པ་ཁྱོན་བསྡོམས་1422ལ་རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་པའི་གསེར་དང་དངུལ། ཟངས་བཅས་ཀྱི་དྲན་གསོའི་རྟགས་མ་གནང་བ་རེད། 
     《རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་པའི་དྲན་གསོའི་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས》གཞིར་བཟུང་། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་དང་། མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་རིགས་གསུམ་ཡན་གྱི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ(དེ་སྔ་རིགས་གསུམ་ཡན་གྱི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱེད་མྱོང་བའི་མཐའ་མཚམས་སྲུང་པའི་མི་དམངས་ཉེན་རྟོག་པ་ཚུད་པ།)རིམ་རྩིས་བྱས་ན་ལོ་30དང་ལོ་20 ལོ་10བཅས་ལ་ལས་ཀ་བྱས་མྱོང་བའི་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་སོ་སོར་གསེར་དང་དངུལ། ཟངས་བཅས་ཀྱི་དྲན་གསོའི་རྟགས་མ་གནང་བ་རེད། 
     དྲན་གསོའི་རྟགས་མ་ལོ་རེར་ཐེངས་རེ་སྤྲོད་ཀྱི་ཡོད་ཅིང་། 2024ལོ་ནི་ཐེངས་གཉིས་པ་ཡིན། མིག་སྔའི་བར་རིམ་རྩིས་བྱས་ན་མཐའ་མཚམས་སྲུང་པའི་མི་དམངས་ཉེན་རྟོག་པ་9909ལ་མཐའ་མཚམས་སྲུང་པའི་དྲན་གསོའི་རྟགས་མ་གནང་ཡོད།