འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།ཕྱི་འབྲེལ་པུས་རྒོལ་གཏམ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། དབྱི་སི་རལ་གྱིས་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་ཆེན་མོར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་དམིགས་ཏེ། ཝང་ཝུན་པིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་ཆེན་མོར་དམིགས་པའི་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་གཏོང་རྒྱུ་ཡིན། ཕྱི་འབྲེལ་སྒྲིག་གཞིའི་བདེ་འཇགས་ལ་གནོད་འཚེ་གཏོང་མི་རུང་། སི་རི་ཡའི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་དགོས།  
     དེང་སྐབས་དབུས་ཤར་ས་ཁུལ་གྱི་གནས་བབ་ཟང་ཟིང་ཆེ་བས། གནས་བབ་ཛ་དྲག་ཏུ་འགྲོ་བའི་བྱ་སྤྱོད་ཚང་མར་ང་ཚོས་ངོ་རྒོལ་བྱེད་རྒྱུ་ཡིན།