འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།གྲོན་དངུལ་འདི་མེད་པར་བཟོ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་1ཉིན། སི་རི་ལན་ཁའི་ཡུལ་སྐོར་པུའུ་ཀྲང་ཧ་ལིན་·ཧྥེར་ནན་ཏུའོ་ཡིས་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཨུ་རུ་སུ། རྒྱ་གར་སོགས་རྒྱལ་ཁབ་བདུན་ནས་ཡོང་བའི་ཡུལ་སྐོར་བ་སི་རི་ལན་ཁར་སྐྱོད་པའི་ཐོངས་མཆན་གྲོན་དངུལ་མེད་པར་བཟོ་བའི་ཚོད་ལྟའི་རྣམ་གྲངས་དེ། 2024ལོའི་ཟླ་4ཚེས་30ཉིན་བར་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་བཤད། ཁོང་གིས་འབྲེལ་ཡོད་གནད་དོན་གྱི་མཐའ་མའི་ཐག་གཅོད་དེ་འབྱུང་འགྱུར་གྱི་གཟའ་འཁོར་ཁ་ཤས་ནང་བཟོ་རྒྱུ་རེད་ཅེས་བཤད་པ་རེད། 
     2023ལོའི་ཟླ་10པར། སི་རི་ལན་ཁའི་ནང་བློན་ཁང་གིས་ཀྲུང་གོ་དང་རྒྱ་གར། ཨུ་རུ་སུ། མ་ལེ་ཞི་ཡ། ལྗར་པན། ཧིན་རྡུ་ཉི་ཞི་ཡ། ཐེ་ལན་བཅས་རྒྱལ་ཁབ་བདུན་གྱི་ཡུལ་སྐོར་བར་རྒྱལ་གྲོལ་ཐོངས་མཆན་གྱི་གྲོན་དངུལ་སྤྲོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། གོ་ཆོད་ཡུན་ནི་2024ལོའི་ཟླ་3ཚེས་31ཉིན་བར་ཡིན་པ་རེད།