འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་རྣམ་རྒྱལ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་རྣམ་རྒྱལ་གྱི་འདྲ་པར་ཡིན་པ།
འདི་ནི་རྣམ་རྒྱལ་གྱི་འདྲ་པར་ཡིན་པ།
    རྣམ་རྒྱལ་1945ལོར་སྐྱེས་པ་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཡུལ་དུ་འཚར་ལོངས་བྱུང་། ཁོང་ལོ་15ལ་མ་སླེབས་པའི་གོང་གི་དྲན་ཤེས་ཚང་མ་དཀའ་སྡུག་འབའ་ཞིག་རེད།
    རང་ཉིད་ཞེད་སྣང་ཆེ་ཤོས་ནི་ཆར་པ་བབས་དུས་ཡིན། གང་ལགས་ཤེ་ན། ཨེ་ཁུང་གིས་ཁེངས་པའི་ཁང་པའི་ཐོག་ཁ་ནས་ཆར་ཐིག་བརྒྱབ་སྟེ་སྟོད་གོས་གཅིག་པུ་དེ་ཡང་བརླན་གྱི་ཡོད། ཉིན་གཉིས་པར་ཁོང་གིས་རློན་རྐྱང་དུ་ཆགས་པའི་སྟོད་གོས་དེ་གྱོན་ནས་མུ་མཐུད་ངལ་རྩོལ་བྱེད་དགོས་ཀྱི་ཡོད་པས་རེད་ཅེས་རྣམ་རྒྱལ་གྱིས་དྲན་གསོ་བྱེད་བཞིན་དུ་བརྗོད།
    བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁུལ་གྱི་འོང་སྐོར་ནི་ལོ་ལེགས་ཀྱི་དུས་ཚིགས་ཤིག་ཡིན་མོད། འོན་ཀྱང་སྔོན་ཆད་དེ་ཡང་བགྲེས་སོང་ཁོང་གི་ནང་མི་ཚོའི་ངོས་ནས་བརྗོད་ན་འཁྱོལ་ཁག་ཤོས་ཀྱི་དུས་ཚོད་ཅིག་རེད། ལོ་གཅིག་དཀའ་ལས་བརྒྱབ་ནས་བཏབ་པའི་ནས་ཚང་མ་ཁྱིམ་ཚང་གི་ཁྲལ་འཇལ་རྗེས་ཧ་ལམ་ལྷག་གི་མེད། སྟོན་བསྡུའི་གོང་ལ་ཁྱིམ་དུ་འབྲུ་རིགས་སྤྱིར་ན་ཆད་ཀྱི་ཡོད།
   1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་རྣམ་རྒྱལ་ཁྱིམ་གྱིས་འོད་སྣང་བསུས།
    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རྣམ་རྒྱལ་གྱི་ནང་མི་བཞི་ལ་ཁང་མིག་གཉིས་དང་། བ་ཕྱུགས་གཅིག ས་ཞིང་མུའུ་བཞི་བཅས་བགོ་བཤའ་རག་ནས་འཚོ་བར་རེ་བས་ཁེངས་པ་དང་། རྣམ་རྒྱལ་གྱིས་ད་དུང་ལག་འཐེན་རོལ་ཆ་དཀྲོལ་ཤེས་པས་སྟོད་ལུང་བདེ་ཆེན་གྱི་སྒྱུ་རྩལ་ཚོགས་པའི་ཁོངས་མིར་གྱུར། 1974ལོར་ཁོང་གིས་ལག་འཐེན་རོལ་ཆ་དཀྲོལ་ནས་རྒྱལ་ས་པེ་ཅིང་དུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་དང་། དེ་རྗེས་ཧོ་པེ་དང་། ཁྲེང་ཏུའུ། ཧྲའན་ཤིས་སོགས་སུ་འཁྲབ་སྟོན་བྱེད་པར་བསྐྱོད།
   བགྲེས་སོང་ཁོང་ལ་ཕྲུ་གུ་བཞི་ཡོད་པའི་ནང་བུ་རྒན་པ་རྒན་ཡོལ་མ་ཞུས་གོང་རྫོང་དཔོན་གཞོན་པ་བྱེད་མྱོང་ཡོད་པ་དང་། བུ་གཉིས་པ་ནི་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་པ། བུ་མོ་རྒན་པ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་ཡིན་པ། བུ་མོ་ཆུང་བ་ནམ་མཁའ་གྲོང་ཚོར་ཡོད་པ་བཅས་རེད། ཚ་བོ་དང་ཚ་མོ་བརྒྱད་ཚང་མ་སློབ་གྲྭ་ཆེ་མོ་བ་ཡིན་པ་དང་དེའི་ནང་ད་དུང་གཅིག་ནི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་པ་རེད།
    རྣམ་རྒྱལ་གྱིས“ད་ལྟའི་འཚོ་བ་ལས་ལྷག་པ་ཞིག་ཡོང་མི་སྲིད”ཅེས་བརྗོད།
འདི་ནི་ཚ་མོ་བསོད་ནམས་ཆོས་སྒྲོན་དང་། རྣམ་རྒྱལ(གཡོན་གྱི་གཉིས་པ)གྱི་བུ་ཆུང་བ་ཉི་མ། ཉི་མའི་མནའ་མ་ཚེ་བརྟན་སྒྲོལ་དཀར་བཅས་ཀྱི་མཉམ་པར་ཡིན་པ།
འདི་ནི་ཚ་མོ་བསོད་ནམས་ཆོས་སྒྲོན་དང་། རྣམ་རྒྱལ(གཡོན་གྱི་གཉིས་པ)གྱི་བུ་ཆུང་བ་ཉི་མ། ཉི་མའི་མནའ་མ་ཚེ་བརྟན་སྒྲོལ་དཀར་བཅས་ཀྱི་མཉམ་པར་ཡིན་པ།