འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།བོད་ཀྱི་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་པ།
    པེ་ཅིང་དུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་དུས་གོས་གཟའ་འཁོར་བྱེད་སྒོའི་ཐོག བོད་ཀྱི་གཞི་རྒྱུ་འདུས་པའི་གྱོན་ཆས་ཀྱིས་མི་མང་པོའི་མིག་དབང་འཕྲོག་ཡོད། ད་ཐེངས་གར་སྟེགས་ཐོག་བུད་པའི་གྱོན་ཆས་མང་ཆེ་བ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་སྣམ་བུ་རྒྱུ་ཆ་གཙོ་བོར་བྱས་ཏེ། ཇུས་འགོད་ཀྱི་འདུ་ཤེས་གསར་པ་དང་བཟོ་ལྟ་དཔེ་གསར་ལ་བརྟེན་ནས། བོད་རིགས་སྲོལ་རྒྱུན་དང་དེང་རབས་ཀྱི་དར་སྲོལ་གསར་པ་མཉམ་འདྲེས་ཡག་པོ་བྱས་པ་ཞིག་ཡིན་ཞིང་། དེས་བོད་ལྗོངས་སྲོལ་རྒྱུན་གྱོན་ཆས་ཐོན་ལས་དེ་ཁྱད་ལྡན་ཅན་དང་དར་སྲོལ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།
   ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་གཞི་རྒྱུ་འདུས་པའི་གྱོན་ཆས་འདི་དག་ནི་ཧུའུ་ནན་སུའུ་པའེ་གྱོན་གོས་ཀྱི“2023ལོའི་གཅེས་ཉར•བོད་ལྗོངས”ཞེས་པའི་མུ་འབྲེལ་ཐོན་རྫས་ཀྱི་ཁག་ཅིག་ཡིན་པ་དང་། ཚོང་རྟགས་འདིའི་ཇུས་འགོད་པ་མཱ་ཀོའེ་ཡིས་ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་དང་མཉམ་དུ་སྣམ་བུའི་ཕ་ས་ཞེས་སུ་གྲགས་པའི་གྲ་ནང་རྫོང་དུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་བྱས་རྗེས། ས་གནས་དེ་གའི་མ་བཅོས་རྒྱུ་ཆ་དང་དེ་བཞིན་ལག་ཤེས་བཟོ་རྩལ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་མི་རིགས་ཀྱི་གྱོན་ཆས་རིག་གནས་ཀྱི་ནང་དོན་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུའི་ཐད་འཚོལ་ཞིབ་བྱས་ཡོད། མཱ་ཀོའེ་ཡིས་གསར་འགོད་པར། 2024ལོའི་སྟོན་དགུན་དུས་ཚིགས་གཉིས་ཀྱི་ཤོམ་འགྲོའི་གྱོན་གོས་བཟོས་ཚར་རྗེས། ཚོགས་པ་སླར་ཡང་བོད་ལྗོངས་སུ་བསྐྱོད་ནས་སྣམ་བུའི་རྒྱུ་ཆ་ཉོ་སྒྲུབ་དང་མཉམ་ལས་གཏིང་ཟབ་བྱས་ཏེ། གྱོན་ཆས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་བོད་སྐྱོར་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
    བྱེད་སྒོ་སྤེལ་ཡུལ་དུ། ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་གིས་ཆེད་མངགས་ཤོམ་སྟོན་བྱ་ཡུལ་དུ་ཕེབས་པའི་སྐུ་མགྲོན་ལ་བོད་ལྗོངས་ཀྱི་ཁྱད་ལྡན་གྱོན་ཆས་ཐོན་རྫས་གྲ་སྒྲིག་བྱས་ཡོད་པར་མ་ཟད། འབྲེལ་ཡོད་ཁྱབ་གདལ་བྱེད་སྒོ་ཡང་སྤེལ་ཡོད། ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་གི་མགོ་འཛིན། གྲ་ནང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ཆིན་ཀྲི་མིང་གིས། བོད་སྐྱོར་རུ་ཁག་གིས་ད་ཐེངས་ཀྱི་བྱེད་སྒོ་འདི་གོ་སྐབས་སུ་བྱས་ཏེ། གྲ་ནང་གི་སྣམ་བུའི་ཐོན་ལས་འཕེལ་རྒྱས་ཏན་ཏིག་དང་སྤུས་ཀ་ལེགས་པོ། རྒྱ་ཆེ་བ་བཅས་ཡོང་བར་བྱ་རྒྱུ་དང་། རྗེས་ཕྱོགས་ཀྱི་འབྲེལ་མཐུད་ལས་དོན་དང་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། སྣམ་བུའི“རྒྱལ་སྤྱིའི་ཕུགས་འདུན”མཉམ་དུ་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གསུངས།
    ཀྲུང་གོས་གསར་གཏོད་བྱེད་སྔ་ཤོས་ཀྱི་དུས་གོས་གཟའ་འཁོར་ཞིག་ཡིན་པའི་ཆ་ནས། ཀྲུང་གོའི་རྒྱལ་སྤྱིའི་དུས་གོས་གཟའ་འཁོར་དེ་ཀྲུང་གོའི་གྱོན་ཆས་ཇུས་འགོད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་དང་། རྒྱལ་ཁབ་རིམ་པའི་དུས་གོས་གཟའ་འཁོར་ཁོ་ན་དེ་ཡིན་ལ།  ཀྲུང་གོའི་དར་སྲོལ་ཐོན་ལས་ཀྱི་སྣེ་ཁྲིད་པ་དང་སྐུལ་འདེད་གཏོང་མཁན་ཞིག་བཅས་ཡིན་པས་ཤུགས་རྐྱེན་ཐེབས་ཤུགས་གོ་ལ་ཧྲིལ་པོར་ཁྱབ་ཡོད་པ་རེད།
【1】  【2】
༄༅།།བོད་ཀྱི་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་པ།
༄༅།།བོད་ཀྱི་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་པ།