འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།མཆོད་རྟེན་བསྔོཊ་མཁན་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མཆོད་རྟེན་བསྔོཊ་མཁན་འདི་བཟུང་འདུག
     ཉེ་ཆར། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་རེད།
ཟླ་3ཚེས་19ཉིན་གྱི་དུས་ཚོད་10ཡས་མས་སུ། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་མངག་གཏོང་ཁང་ལ་གྲོང་ཚོའི་ནང་གི་མཆོད་རྟེན་གཉིས་བསྔོགས་ནས་རིག་དངོས་རྐུ་ཤོར་བའི་གྱོད་དོན་སྙན་ཞུ་ཞིག་འབྱོར་ཡོད་པ་དང་། དེའི་རྗེས་སུ་མངག་གཏོང་ཁང་གི་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་ལ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། རྫོང་སྤྱི་བདེ་ཅུས་ཀྱིས་ཀྱང་ཚད་མཐོའི་མཐོང་ཆེན་བྱས་ནས། ཉེས་དོན་མྱུལ་ཞིབ་ཉེན་རྟོག་པ་ཡུལ་དངོས་ལ་གཞོགས་འདེགས་བྱེད་པར་བཏང་བ་རེད།
     བརྟག་དཔྱད་བྱས་པ་བརྒྱུད། འབྲུག་ལྗང་དང་། ལུང་བཟང་། ཀང་གེ་བཅས་གྲོང་ཚོ་གསུམ་ལ་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཡུལ་དངོས་སུ་ཁྱོན་མཆོད་རྟེན་7བསྔོགས་ནས་རིག་དངོས་རྐུ་འཁྱེར་བྱས་ཟིན་ཅིང་། གཞན་ཡང་མཆོད་རྟེན་2བསྔོགས་པའི་རྗེས་ཤུལ་ཡོད་པ་རེད། གྱོད་དོན་ཞིབ་གཅོད་མི་དམངས་ཉེན་རྟོག་པས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་དང་། གྱོད་གཞིར་དབྱེ་ཞིབ་བྱས་ནས། སྲིད་འཛིན་གྲོང་ཚོ་གསུམ་གྱི་རྐུ་རྒྱག་གྱོད་གཞི་དེ་མི་གཅིག་གིས་གྱོད་གཞི་བཟོས་པའི་དོགས་གཞི་ཧ་ཅང་ཆེ་པས། མི་དམངས་ཉེན་རྟོག་པས་མགྱོགས་མྱུར་གྱོད་གཞིར་མྱུལ་ཞིབ་བྱས། དེའི་རྗེས་ཉེན་རྟོག་པས་དོགས་གཞི་ཡོད་པའི་རླངས་འཁོར་གཅིག་དང་མི་གཅིག་གཏན་འཁེལ་བྱས་པ་དང་། ཟླ་3ཚེས་17ཉིན་གྱི་དགོང་མོའི་ཆུ་ཚོད་11ཡས་མས་སུ་རི་བོ་ཆེ་རྫོང་གི་ཇ་ཁང་ཞིག་ནས་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་བཟུང་བ་རེད།
     འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོས་མཆོད་རྟེན་བསྔོགས་ནས་རིག་དངོས་རྐུ་བརྒྱབ་པའི་ཉེས་བསགས་དོན་དངོས་རྣམས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། ཉེན་རྟོག་པས་རྐུ་ཤོར་བའི་ལྷ་སྐུ་གསུམ་དང་། བཀྲ་ཤིས་རྟགས་བརྒྱད་བཀོད་པའི་དཀར་ཡོལ་གཉིས། དངུལ་ཕོར་གཅིག མཆོད་ཀོང་གཅིག མཆོད་ཏིང་གཅིག གཡུ་རྡོག་པོ་གཅིག ཁེབས་གཅོད་གཅིག་བཅས་ཚུར་བླངས་ཡོད་པ་དང་། རླངས་འཁོར་གཅིག་གཞུང་ཉར་བྱས།
     ད་ལྟ་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེ་སྒྲུབ་བཞིན་ཡོད་པ་རེད།