འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།རྒྱལ་ཁབ་འདིའི་བདག་དབང་ཁས་ལེན་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་1ཉིན། སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ཅོར་ཏན་དང་། སོ་ཏི་ཨ་རབ་དང་ཁ་ཐར་བཅས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རིང་སྨྱན་སྦྱོར་དུ་སི་ཕེན་སྲིད་གཞུང་གིས་ད་ལོའི་ལོ་སྟོད་དེ་2024ལོའི་ཟླ་7པའི་གོང་ཕ་ལེ་སི་ཐན་རྒྱལ་ཁབ་གྱི་བདག་དབང་ཁས་ལེན་ལ་ཆོག་མཆན་སྤྲོད་རྩིས་ཡོད་ཅེས་བཤད་པ་རེད། 
     སང་ཆེ་སིས་ཟླ་3ཚེས་9ཉིན་ཡོངས་བསྒྲགས་བྱས་དོན་དུ། སི་ཕེན་གྱིས་“ད་ཐེངས་ཀྱི་སྲིད་གཞུང་གི་འགན་འཁུར་ཡུན་ནང་”ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་བདག་དབང་ཁས་ལེན་རྒྱུ་ཡིན་ཟེར།  
      “རྒྱལ་ཁབ་གཉིས་པོའི་ཇུས་གཞི་”ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འབའ་ཞིག་ཡིན་པ་སྟེ། 1967ལོའི་དམག་འཁྲུག་གོང་གི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་ས་བྱས་ནས་བདག་དབང་ཆ་ཚང་སྤྱོད་དབང་ཡོད་པ། སྒེར་ཚུགས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་བཙུགས་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་ཞི་བའི་ངང་མཉམ་གནས་ཐུབ་པ་དང་། ཨ་རབ་དང་ཡིའུ་ཐའེ་མི་རིགས་ཆེ་གྲས་གཉིས་ཞི་མཐུན་མཉམ་གནས་ཐུབ་པ་དང་། དབུས་ཤར་ས་ཁུལ་ཡུན་རིང་ཞི་བདེ་ཡོང་བ་མངོན་འགྱུར་བྱེད་དགོས།