འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།རུལ་སུངས་པ་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོ་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་སྤྱི་འདོམས་མཐུན་སྦྱོར་དང་འབྲེལ་ཡོད་སྡེ་ཁག་གི་གཞོགས་འདེགས་འོག ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་དང་མཉམ་ལས་དམ་ཟབ་བྱས་པ་བརྒྱུད། ལས་གནས་ཀྱི་ཉེས་གསོག་དོགས་ཅན་ཀུའོ་པའེ་ཁྲུན་ཕྱི་རྒྱལ་དུ་ཁྲིམས་རྒྱར་ཚུད་པ་མ་ཟད་ཕྱིར་རྒྱལ་ནང་དུ་སྐྱེལ་བ་རེད། 
     ཀུའོ་པའེ་ཁྲུན། སྐྱེས་པ། 1965ལོའི་ཟླ་10པར་སྐྱེས། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འགན་འཁུར་མྱོང་ཡོད། ལས་གནས་ཀྱི་ཉེས་གསོག་དོགས་གཞི་ཡོད། 2024ལོའི་ཟླ་དང་པོར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁོ་པ་གྱོད་ཐོར་བཀོད་ནས་བརྟག་དཔྱད་བྱས། གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ཧུར་ཐག་བྱས་མཐར་བཟུང་ནས་ཁྲིམས་ལ་སྦྱར་བ་རེད། 
     ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གི་འགན་འཁུར་བས་བཤད་དོན། ཀུའོ་པའེ་ཁྲུན་ཁྲིམས་ལ་སྦྱར་བ་ནི་ཀྲུང་དབྱང་སྒྲིག་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ནས། “གནམ་རྒྱའི་བྱ་སྤྱོད་”རྒྱུན་མཐུད་ངང་སྤེལ་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། བྲོས་བྱོལ་དུ་སོང་ན་ང་ཚོས་རྗེས་འདེད་གཏོང་རྒྱུ་གཡོ་འགུལ་མི་གཏོང་བ་དང་། བཙན་གནོན་གྱི་རྣམ་པ་མཐའ་འཁྱོངས་བྱས་ཏེ། བྲོས་བྱོལ་སྔོན་འགོག་དང་བརྐུས་ནོར་ཚུར་ལེན་གྱི་ལམ་སྲོལ་གཅིག་གྱུར་ཐོག་བཙུགས་ནས། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་ཁྲིམས་འཛིན་ཁྲིམས་བསྟར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རུལ་སུངས་བ་ཁྲིམས་རྒྱར་ཚུད་དུ་འཇུག་དགོས།