འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།པེ་ཏེན་2024ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་ཐོག་མའི་འདེམ་འགྲན་ལས་རྒྱལ་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་30ཉིན་གྱི《རྒྱལ་ཚོགས་རི་བོའི་ཚགས་པར》ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཉིན་དེའི་ཆུ་ཚོད་16བར། ཨ་རིའི་2024ལོའི་ཙུང་ཐུང་འདེམས་བསྐོའི་ཏ་ཁོ་ཐ་བྱང་མའི་མངའ་སྡེའི་དམངས་གཙོ་ཏང་གི་ཐོག་མའི་འདེམ་འགྲན་གྱིས་འདེམས་ཤོག་99%ལྷག་ཙམ་རྩིས་བརྒྱབ་ཚར་བ་དང་། ཨ་རིའི་ཙུང་ཐུང་པེ་ཏེན་ལ་འདེམས་ཤོག་840ཐོབ་ཅིང་། མིག་སྔའི་འདེམས་ཤོག་བསྡོམས་འབོར་གྱི་92.4%ཟིན་ནས། མངའ་སྡེ་དེའི་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིར་གྱུར་ཡོད།