འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིར་བསྐྱོད་མཁན་ལ་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨ་རིར་བསྐྱོད་མཁན་མི་སྣར་བདེ་འཇགས་ལ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས། 
   ཉེ་དུས། ཨ་རིར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་དང་ཁེ་ལས་ཀྱི་མི་སྣ་སོགས་མང་པོ་ཞིག་ཨ་རིར་འབྱོར་སྐབས་ཨ་རི་ཕྱོགས་ཀྱི་གནམ་ཐང་གི་ཁྲིམས་འཛིན་མི་སྣས་དོན་མེད་ཞིབ་བཤེར་དང་ཪྙོག་ཟིང་སློང་བ་དང་། ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་སྒྲིག་ཆས་དང་དེ་བཞིན་རྡོག་ཁྲེས་གཞན་དག་རེ་རེ་བཞིན་ཞིབ་བཤེར་བྱས་ནས། མི་ཁ་ཤས་རྒྱལ་ཁོངས་སུ་འཛུལ་མ་བཅུག་པ་རེད། 
ཕྱི་འབྲེལ་པུའུ་དང་དེ་བཞིན་ཨ་རིར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གིས་དེའི་ཐད་ཨ་རི་ཕྱོགས་ལ་དྲང་ནན་གྱི་གླེང་མོལ་བྱས་ཡོད། དེ་དང་ཆབས་ཅིག ཨ་རིར་བསྐྱོད་མཁན་མི་སྣ་ཨ་རིར་འབྱོར་སྐབས་བསམ་ཡུལ་ལས་འདས་པའི་གནས་ཚུལ་སྣ་ཚོགས་འཕྲད་སྲིད་པའི་དྲན་སྐུལ་བྱས། གལ་ཏེ་རོགས་རམ་བྱེད་དགོས་ཚེ་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་དུས་ཐོག་ཏུ་འབྲེལ་བ་བྱེད་དགོས། 
   འབྲེལ་གཏུག་བྱེད་སྟངས།  
   ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར།(ཆུ་ཚོད་24) 
   86+10-12308 
   86+10-65612308 
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་སྲུང་སྐྱོང་དང་ཁ་པར་ཨང་གྲངས། 
   ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་། +1-202-4952216 
   ཉིའུ་ཡོག་ཏུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག +1-212-6953125 
   ཅིའུ་ཅིན་ཧྲན་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག +1-415-9296998
   ལོ་ཧྲན་ཅི་རུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག +1-213-8078052
   ཀྲེ་ཅ་ཀོར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག +1-312-7800170