འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།ཨར་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་གིས་ཉེ་ཆར་བྱང་ཆིངས་ལ་ཞུགས་འཆར་མེད་ཟེར། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་31ཉིན། ཨར་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་སྨིར་ཙུའོ་དབྱང་གིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་ཆར། ཨར་མེ་ཉི་ཡ་ཕྱོགས་བྱང་ཆིངས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཞི་བདེར་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་དང་དེ་བཞིན་ཁོ་སུའོ་ཨོའི་བྱ་སྤྱོད་ནང་ཞུགས་ཡོད། འདི་ནི་ཕྱོགས་གཉིས་ཀྱི་ད་ལྟའི་མཉམ་ལས་བྱེད་སྟངས་རེད། འོན་ཀྱང་། ད་ལྟའི་བར་ཨར་མེ་ཉི་ཡ་བྱང་ཆིངས་ནང་ཞུགས་རྒྱུའི་སྐོར་གླེང་ཐབས་བྲལ་བ་དང་། གནད་དོན་དེ་ཨར་མེ་ཉི་ཡ་འཕེལ་རྒྱས་ཀྱི་ཉིན་རེའི་གྲོས་རིམ་ནང་ཚུད་མེད་ཅེས་བསྟན།